[A:༣༢༩]པར་ཆོས་སྲུང་རྣམས་འཕྲེང་བའི་འཚུབས་ཀྱི་རྣམ་པས་མིག་ལ་ཐོར་བ་ཞིག་བྱུང་བས་ཆུ་ཚན་བྱེད་མ་ཐུབ་ཅིང༌། ཡོན་བདག་རྣམས་ཀྱིས་རྟ། འབྲི་གཡག །མར་སོགས་སྟེར་སྦྱིན་བྱེད་མི་མང་བར་བྱུང་བས། བྱང་བུ། བསྔོ་སྨོན། བསྔགས་མདུད། བྱིན་རྟེན་བཅས་ཀྱིས་སོ་སོའི་འདོད་པ་བསྒྲུབས། མགྱོགས་མྱུར་འོངས་པས་རིམ་བདེར་གྱུར་ཅིང༌། ལམ་གྱི་སྟབས་གཞིས་སུ་ཕྱིན། ཞལ་ངོ་རྣམས་དང༌། ཡོན་བདག །གཡོག་སོགས་ལ་བྱིན་རྟེན་སོགས་ཀྱི་སྟེར་ཆ་བྱས། དགོན་གནས་སུ་འོང་ཉིན་བླ་ཁག་ལས་ཚན་བཅས་བྱོན་པ་དང་ལམ་དུ་འཕྲད། ཡོན་བདག་རྣམས་ཀྱིས་འཕྲད་མི་མང་ཙམ་བྱུང་སྟབས་རྒྱག་ཏུ་སོང་གཤིས་སེར་ཕྲེང་མ་འགྲིགས་འདུག་ཀྱང་བསང༌། དར་འཕྱར་རྒྱས་པར་མཛད། འབྱོར་འཕྲལ་མང་ཇ་ཞུས་ཤིང༌། བླ་ཁག་ལས་ཚན་རྣམས་དང༌། དགོན་ཁག་གི་བླ་མ་རིན་སྡིངས་ནས་ཆོས་མཛད་མ་གཉིས། གྲྭ་རིགས་ཡོན་བདག །གཡོག་སོགས་འཕྲད་མི་མང་བར་བྱུང་བར་དམ་རྫས། དར་རས་སོགས་ཀྱི་སྟེར་ཆ་ཅི་རིགས་བྱས། ཟླ་བ་ཕྱི་མའི་ནང་ཞབས་དྲུང་དབོན་རིན་པོ་ཆེ་བྱང་དུ་ཕེབ་རྒྱུར་རྟ་ཁལ་ཆ་ལག་སོགས་གང་འགྲིགས་དང༌། མཛོད་པ་དང༌། ཞབས་ཕྱི་སེར་སྐྱ་མང་བ་དང༌། བླ་སྨན་པ་དོན་གྲུབ་བཅས་ཚེས་བཅུ་གསུམ་ལ་ཕེབ་པར་གང་ཅིའི་བསླབ་བྱ་རྒྱས་པ་དང༌། བྱེས་རེས་འདི་ལ་བར་ཆད་མེད་པར་འཕྲད་འོང་བྱས་པ་ཕྱིས་ཐོག་ཏུ་ཁེལ་བས་ཁ་འདོན་ལེགས་པ་ཞིག་བྱུང་འདྲ་བསམ། བཀྲ་ཤིས་གླིང་དང༌། དར་ཡུལ་སོགས་སུ་རྒྱན་དྲུང༌། བླ་ཁག །ལས་ཚན། ནང་བཟན་སོགས་ཆིབས་སྐྱེལ་ལ་རྫོང་བདའ་བྱས། ཞག་ཤས་ནས་ཕོ་བྲང་ཆེན་པོར་མཇལ་ཁ་ཞུ་བར་ཕྱིན་པས་འཁོར་ལོས་སྒྱུར་བ་ཆེན་པོའི་མཇལ་ཁའི་སྐབས། ས་སྐྱ་