[A:༣༣༡]སློབ་ཀྱི་ཞབས་ཕྱིར་རྫོང་བདའ་བྱས། དབྱར་ཟླ་བ་བཞིའི་རིང་ནད་རོས་ཡུན་ཤིན་ཏུ་རིང་ཙམ་འཚེ་བར་རིམ་གྲོ་སོགས་གཉེར་པས་ཁུར་ལེན་དང༌། འཚོ་མཛད་ལྕམ་གྱི་གསོལ་སྨན་གཞན་དང་མ་འདྲ་བས་རིམ་བདེ་བྱུང་སྐབས་རྩེ་གདོང་ནས་རྒྱལ་ཡུམ་ཕེབ་པར་ཆིབས་བསུ་ཞུས་ཏེ་ཀླུ་སྡིངས་སུ་བཞུགས། ཕྱི་ཉིན་བཅོ་བརྒྱད་དུ་གདན་འདྲེན་ཞུས་པར་གཅད་རྒྱའི་སྟབས་ཁོང་དཔོན་གཡོག་ཉུང་བསྡུས་དང་མཇལ་འཕྲད་ཞུས། གང་ཅིའི་གསུང་གླིང་དང་ངེད་རང་ནད་ལས་གྲོལ་བའི་ལེགས་ཆ་གནང༌། ཕྱི་ཉིན་སྟོན་མོ་རྒྱས་པའི་ཐོག་རྟ་ལེགས་པ་སོགས་དགུ་ཚན་ཕུལ་ནས་ཕྱིར་ཕེབ། བསྟན་པའི་སྦྱིན་བདག་དལ་ཇིང་སོགས་ཡོན་ཤོ་པོའི་རྒྱལ་ཁག་རྣམས་འཕྲད་པར་བྱོན་ཞིང༌། ཚེ་དབང་དང་རྐྱེན་སེལ་གྱི་དབང༌། སྐུ་འདྲ་བྱིན་རྟེན་བཅས་རྫོང་བ་རྒྱས་པར་བྱས། དབོན་དཔོན་སློབ་ཀྱི་སར་མཛོད་པ་བཅས་འབྱོར་ནས་ཁམས་ཕྱོགས་སུ་ཕེབ་འདུག་པར་སྒོམ་བདེ་ནས་འབུལ་སྐྱེལ་དང་གནས་ཚུལ་སྐྱེལ་བར་ཤེས་རབ་པ་དང་ཀུན་དགའ་བཀྲ་ཤིས་ཅན་རྫོང་བདའ་གནང་བར་འབྱོར་ཞིང༌། ཕྱག་བྲིས་སོགས་སྤྲད་ཅིང་འགྲོ་དོན་གཞན་དང་མི་འདྲ་བར་བྱུང་ཚུལ་ཡང་གླེང༌། ནད་རོས་གཟུགས་གཞི་སྐྱོར་རེ་བ་ལས་དྲག་སྐྱེད་ཆེ་བ་རང་མ་བྱུང་ཞིང༌། ན་བའི་སྐབས་འདི་དག་ཏུ་ནམ་མཁའ་ལས་འཇའ་སྤྲིན་གྱིས་ཁེངས་ཤིང༌། ལྷའི་བུ་དང་བུ་མོའི་རྣམས་པས་མཆོད་རྫས་དུ་མ་ཐོགས་པ་སོགས་མཐོང་སྣང་བྱུང་ཞིང༌། མེ་ཏོག་གི་ཆར་བབས་པས་ཚང་མ་དོགས་པའི་རང་བཞིན་དུ་གྱུར། ཕོ་བྲང་ཆེན་པོར་གསུང་བརྟག་ཞུས་པའི་རིམ་གྲོ་རྣམས་བསྒྲུབས། རྐྱེན་འཕོ་བ་ལྟ་བུས་ངེད་རང་གི་ཞོན་རྟ་དེ་གློ་བུར་དུ་ཤི་བས་ནད་གཞི་སངས་དྲག་ཏུ་གྱུར། རིན་སྡིངས་ཀྱི་ཚ་མོ་ལྷ་ལྡན་སྡེ་པ་ལྷ་ཁང་པའི་སར་དགོས་ཚུལ་བྱུང་བ་བཞིན་