R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༣༤
[A:༣༣༤]རྫོང་སོགས་རིམ་གྲོ་མང་བར་གཉེར་པ་དགོས་རྡེག་གིས་གྲ་སྒྲིག་བྱས་ཤིང༌། འཕེན་ཡུལ་ཁུལ་དགོན་སོ་སོར་མང་སྐོལ་ཀྱང་བྱས། ཉན་པོ་ནས་ཆོས་རྗེ་རིན་པོ་ཆེ་སྐུ་མཆེད་ཀྱིས་རྟེན་འབྱུང་རྒྱས་པ། ཚོགས་ཆེན་དང༌། ཁམས་ཚན་སོ་སོ། སྒོམ་ཁང་བཅས་དགོན་ལག་གསུམ། བན་ཚང་རྣམས་དང༌། ནང་བཟན་སྐྱ་སེར། སྤྱི་བསྡུས་མཁར་གདོང་དང༌། གཞིས་ཁག་གི་མི་སེར་བཅས་ཚང་མས་བརྟན་བཞུགས་ཀྱི་རིགས་རིམ་པ་ཁུར་བླང་མཛད་སོང་ཞིང༌། བན་ཚང་རྣམས་དང་དྲུང་འཚོ་བཅས་ནང་སྐོར་གྱིས་རྟེན་འབྱུང་ཡང་བསྐྱར་དང༌། འཚོ་མཛད་ལྕམ་བཅར་བཞུགས་ཀྱིས་སྨན་བཅོས་གང་ཟབ་གནང་བ་བཅས་ནད་ལས་གྲོལ་ཞིང༌། ཆོས་སྲུང་དང་ཆོས་སྐྱོང་གཉིས་སོགས་ཚང་མར་གཏང་རག་གི་གསོལ་ཁ་སྙན་དར་རྒྱས་པར་ཕུལ། སྡེ་པ་རྒྱལ་ཕུར་རིན་པོ་ཆེས་གྲུབ་རྒྱལ་ཞལ་བདག་གནང་བར་ཆོས་གཞིས་སྨྱུ་ཀྱུ་བ་རྣམས་ཀྱང་གྲུབ་རྒྱལ་གྱི་ས་ཁོག་ཏུ་གཏོགས་པའི་ཡིན་ཚུལ་གཞན་མས་ཞུས་པས་འབུལ་དགོས་ཚུལ་བསླབ་སྟོན་གནང་བར། མ་ནས་བཀའ་གང་གནང་ལས་ཞུ་ཅི་ལ་ནུས་ཀྱང༌། སྔར་བབས་ཀྱི་གནས་རྒྱུས་དང་བཅས་རང་འཇགས་བཀའ་དྲིན་ཆེ་ན་ཇི་ལྟར་འོང་ཚུལ་ཞུས་པར། དགོངས་དབྱིངས་རིན་པོ་ཆེ་ནས་མ་དོར་བར་ཕྱིར་སློག་བཀའ་དྲིན་བསྐྱངས་པའི་ལེགས་འབུལ་དུ་རྒྱན་དྲུང་འབུལ་ཚན་རྟ་བཅས་རྫོང་བདའ་བྱས་པར་མཇལ་ཁ་བདག་རྐྱེན་ཤིན་ཏུ་ལེགས་པར་གནང་འདུག །དཔལ་གནས་ཀྱི་ཚ་བོ་རྣམས་ཀྱིས་ཕྱག་འབུལ་ཞུ་བསྒུགས་ལ་ཚ་བོ་མགོན་པོས་ལོ་བདུན་ཙམ་སོང་བ། འདི་ལོ་ཟླ་བ་གསུམ་པའི་ནང་དུ་ཕྱག་འབུལ་གྲུབ་ནས་ཁོང་པ་སྤུན་ཚང་མ་ཆོས་རང་བྱེད་པའི་བློ་བཞེད་ཆེ་བར་འདུག་པར། ཆོས་འཇིག་རྟེན་གང་བྱེད་ཀྱང་ངེད་རང་གིས་བྱས་ཆོག་པའི་བསླབ་སྟོན་རིན་པོ་ཆེ་