R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༤༡
[A:༣༤༡]རྣམས་གསན་བཞེད་ཀྱིས་ཕེབ་པར་ཆིབས་བསུ་དང༌། ཞག་ཉི་ཤུ་སྐོར་བཞུགས་རིང་གཞིས་ལེན་སོགས་སྐུ་བཟོས་ཤིན་ཏུ་ཆེ་བར་ཞུས། ཆོས་རྣམས་འཕྲལ་དུ་ཕུལ། ཆོས་ཡོན་དུ་གོས་བེར། དངུལ་སྒ་སོགས་དངོས་པོ་དཔངས་མཐོ་བར་སྩལ་ཏེ། ཆིབས་སྐྱེལ་ལ་མགྲོན་གཉེར་ཅན་རྫོང་བདའ་བྱས། ཟླ་བ་བཅུ་གཉིས་པའི་ནང་དུ་ཨོ་ཆོལ་དུ་ཆོས་རྗེ་དཔོན་སློབ་རྣམས་བྱུང་བར་རྟ་བསུ་དང༌། ངོས་འཕྲད། གཞིས་ལེན་སོགས་རྒྱས་པར་བྱས་ཤིང༌། ཆོས་རྗེས་དངུལ། གོས་དར། མཆོད་རྫས། རོལ་མོ་སོགས་རྩིས་སྤྲོད་རྒྱས་པ་དང༌། བླ་མ་བསོད་ནམས་དར་རྒྱས་པའི་གཞི་མ་དངུལ་ཐོག་ཏུ་བསྒྲིལ་བ་རྩིས་སྤྲོད་ཀྱང་བྱས། ཆོས་སྡེའི་འདུས་ཚོགས་ལ་མང་ཇ། ཆོ་ག་སྟོང་རྩ་འཛུགས་པ་དང༌། མཆོད་རྫས་འབུལ་བ་སོགས་ཚོགས་གསོག་རྒྱ་ཆེ་བར་མཛད་སོང་ཞིང༌། ངེད་རང་ནས་དམིགས་མེད་འཁོར་གསུམ་ཡོངས་དག་གི་བསྔོ་སྨོན་ཡང་དག་བྱས། ཆོས་རྗེས་དབུས་སོག་པོ་རྣམས་ཕོ་བྲང་ཆེན་པོར་ཕྱག་མཇལ་ཞུས་བར་རྫོང་བདའ་དང༌། ལོ་མཇུག་གི་རིམ་གྲོ་རྣམས་བྱས། ཞབས་བརྟན་ཚོགས་མཆོད་ཆེན་མོ་གསར་འཛུགས་བཀའ་དྲིན་བསྐྱངས་པར་དགེ་འདུན་རྣམས་ཚོགས་དགོས་པའི་བཀའ་ཤོག་རིན་པོ་ཆེ་སྤྱི་བོར་ཕེབ། ཤིང་ཁྱི་ལོར་གསར་ཚེས་ཀྱི་བྲེལ་བ་རྣམས་དང༌། ཟླ་བ་གཉིས་པའི་ནང་དུ་གྲྭ་པ་རྣམས་ཚོགས་མཆོད་ལ་རྫོང་བདའ་བྱས། ཆོས་རྗེར་དགོངས་པ་དགོས་ཚུལ་ནན་གྱིས་གསུངས་ཀྱང༌། ཡོན་བདག་གི་རྒྱལ་པོ་སོགས་དད་ཞན་ཆེས་པས་འདི་ཁ་དགོས་ཚུལ་ནན་གྱིས་བྱུང་བ་དང༌། ངེད་རང་གིའང་རོགས་སུ་འགྱུར་ཆེ་བར་བྱུང་གཤིས་ཕྱིར་རྫོང་བྱས། དབྱར་ནད་རོལ་ལངས་པར་རིམ་གྲོ་འཕྲོད་བསྟེན་གྱིས་