R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༥༡
[A:༣༥༡]མོ་མང་བ། མཆོད་རྫས། རྟ་ཁལ། ཇ་སོགས་དངོས་པོའི་བརྒྱ་འབུལ་མཛད་པར་དགེ་བ་རྫོགས་བྱང་དུ་བསྔོས། ཆོས་རྗེ་དཔོན་སློབ་ལ་གཞིས་ལེན་འདོད་ཆོས་སོགས་དཔོན་རིན་པོ་ཆེས་གང་ལེགས་མཛད་འདུག་ཅིང༌། ཕོ་བྲང་ཆེན་པོར་མཇལ་ཁ་ཞུ་བར་འབྱོན་རྩིས་འདུག་པར་མགྲོན་གཉེར་རིན་ཆེན་བཅས་རྫོང་བདའ་བྱས། རྒྱལ་སྨད་པའི་དགོན་ལག་རལ་ལུང་གི་བླ་མའི་ཁུར་ལེན་དགེ་སློང་མཆོག་ལྡན་གྱིས་མཛད་པ་ནས་སྔར་དང་མི་འདྲ་བའི་གྲ་གཙང་ཞིང་དར་རྒྱས་ཆེ་བ་ཡོད་འདུག་ཅིང༌། མང་ཇ་དང་ཚོགས་དུང་བསྔོ་རྟེན་བཅས་སྤྲད། བླ་མ་མཆོག་ལྡན་གྱིས་ཚོགས་འདོན་དུ་བླ་མཆོད་གསར་རྩོམ་དགོས་གསུང་པ་ལྟར་བསྒྲིག་འདུན་ཁས་ལེན་ཀྱང་བྱས། ཚེ་གསུམ་གྱི་སྲས་མོ་དཔོན་པ་དགོས་ཡུམ་སྲས་གཟིམས་ཤག་ཏུ་གནས་གཤིས་སྟབས་ལྷ་སར་ཞུ་སྒུག་ལ་ཕེབ་པར་ཕན་ཆ་གང་དྲག་དང་གང་ཅིའི་བཀོད་པ། ལོ་འདི་ནང་དུ་སྡེ་པ་ཐོན་པའི་སར་བྱོན་པར་ཕ་མིང་གི་དོད་ལྟ་བུར་བྱས། བླ་མ་བསམ་འཕེལ་དང༌། ཆོས་མཛད་ངག་དབང་གྲགས་པ་གཉིས་གཟིམས་ཁང་གོང་དུ་ཀྱེ་རྡོར་གཞི་བསྙེན་གྱི་མཚམས་ལ་ཡོད་པར་ཕྱིན། བརྡ་དོན་གསལ་བ་དང༌། བརྡ་ཆིག་བརྒྱུད་སོགས་ཟབ་ཆོས་ཁ་ཤས་བྱས་ཤིང༌། བསྙེན་པའི་རིགས་སྔ་ཕྱིར་ཐེངས་གསུམ་བཞི་ཙམ་ཕྱིན་ཏེ་བསླབ་ཆ་གེགས་སེལ་ཀྱང་བྱས། སྡེ་དགེ་དབོན་པོ་དཔོན་གཡོག་རྣམས་ལ་རྟ་བསུ་དང་གཞིས་ལེན་གཟབས་པར་བྱས། ཚོགས་སུ་མང་ཇ་དང་གསེར་སོགས་འགྱེད་སྣ་ཁ་ཤས་གཏོང་བར་མཛད་སོང་ཞིང༌། གླིང་ཁམས་ཚན་ལའང་མགོ་འདོན་བདག་རྐྱེན་ཆེ་བར་གནང་སོང༌། ངོར་པའི་གྲྭ་རིགས་ལ་སོང་བས་དེ་ཙམ་མཛད་པ་དཀའ་ནའང༌། ངེད་རང་ནས་གང་ཅིར་ཕན་ཆ་བྱས་