[A:༣༥༠]པ་རྒྱས་པར་ཕུལ། ཀླུ་ཁ་སྟོད་ཀྱི་ཡོན་བདག་རྣམས་ཀྱིས་བྱང་བུ་བསྔོ་སྨོན་གྱི་རྟེན་སོགས་སྟེར་ཆ་ཤིན་ཏུ་རྒྱ་ཆེ་བ། མར་འཕྱུར། ཚྭ་བལ་གཙོ་བོར་གྱུར་པ་ཅི་རིགས་བྱུང་ཞིང༌། སྤྱན་ལེགས་ཀྱི་བྱམས་པ་མཇལ། སྙན་ཤལ་མཆོད་པ་རྒྱས་པར་ཕུལ། ཀླུ་ཁ་སྟོད་དུ་ཞག་གཉིས་ཐོགས་པར་དབང་གི་རིགས་ཀྱང་མང་བ་སོགས་སོ་སོའི་འདོད་པ་བསྒྲུབས། སྡེ་པ་ལྷ་ཁང་བས་འབོད་མི་གནང་བྱུང་བ་ལྟར་ཕྱིན་ཏེ་ཞག་གཅིག་བསྡད། གཞིས་ལེན་ཡང་དག་མཛད་ཅིང་ཞལ་ངོ་རྣམས་ལ་ཚེ་དབང་དང༌། གུར་དྲག་སོགས་དབང་ཀྱང་ཕུལ། ཚ་མོ་ལྷ་ལྡན་དང་སྡེ་པ་ཡུམ་སྲས་བཅས་པར་སྟེར་ཆའང་བྱས། རྒྱལ་སྨད་གྲྭ་རིགས་རྣམས་དང༌། རྒྱལ་སྟོད་ཡོན་བདག་སོགས་ཚང་མས་དར་རས། མར་འཕྱུར། གོས་སྣམ་སོགས་སྟེར་ཆ་བྱེད་མི་མང་བར་བྱུང༌། དགེ་སློང་མཆོག་ལྡན་གྱི་སྤྱིལ་བུར་བོས་ཏེ་གཞིས་ལེན་དང༌། གཞིས་མིས་གསོན་བྱང་སོགས་གང་ལེགས་མཛད། ལུག་ལྷས་གསེར་གྱི་ལྷ་ཁང་མཇལ་ཏེ་སྙན་དར་མཆོད་འབུལ་དངོས་བཤམས་དང་ཡིད་སྤྲུལ་གྱིས་མཆོད་ཅིང༌། བསྟན་འགྲོའི་ཕན་བདེ་སྤེལ་ཕྱིར་སྨོན་ལམ་བཏབ། རྒྱལ་སྟོད་སྨད་དུ་མང་ཇ་བསྔོ་རྟེན་བཅས་ཕུལ་ཞིང་བསྐྱོད་ལམ་རྒྱན་དྲུང་ཕེབ་སྟེ་གཞིས་སུ་འོང་དགོས་ཚུལ་གསུང་བ་ལྟར་ཕྱིན། ཞལ་ངོ་རྣམས་དང་གཡོག་རིགས་བཅས་པར་ཚེ་དབང་ཕུལ། ཕྱི་ཉིན་སྔ་བར་དགོན་གནས་ནས་ཞབས་དྲུང་དབོན་རིན་པོ་ཆེ་དཔོན་སློབ་རྣམས་བསུ་བར་ཕེབ་པ་དང་མཇལ། ཁམས་ཕྱོགས་ནས་ཨ་ལི་ཆོས་རྗེས་དབུས་འགྲུལ་བ་མང་བར་འབྱོར་ཞིང༌། ཆོས་རྗེས་ཆོ་ག་སྟོང་རྩ་མཛད་པ་གྲོལ་བར་གཏུགས་པར་བཅས་འཕྲལ་འབྱོར་དགོས་ཚུལ་གསུང་བ་བཞིན་གཞིས་ནས་བསྐྱོད་དེ་དགོན་གནས་སུ་འབྱོར་འཕྲལ་ཚོགས་དབུར་ཕྱིན། གོས་དར། རོལ་