[A:༣༦༡]ཕྲན་བུར་སྤྱན་རྒྱང་གཞན་དང་མི་འདྲ་བ་ཞིག་ཡིན་པ་ནས་དངོས་པོ་ཡོད་ན་གང་ཡོད་ཕུལ་ཀྱང་ཆེས་པའི་གནས་སུ་གྱུར་པ་གནས་ཡིན་ཀྱང་ཕྲན་བུ་ཚོས་མཁོས་ཆུང་བས་ཆེ་བར་མ་འབྱོར་པར། རིགས་བརྒྱའི་ཁྱབ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དྲུག་པ་ཆེན་པོའི་སྐུ་ཞབས་སུ། སྐུའི་རྟེན་དུ་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་ལྕགས་སྡོང་མ་གསེར་ཟངས་ལས་གྲུབ་པ། གསུང་གི་རྟེན་དུ་དུས་འཁོར་པུསྟི་ས་སྐྱ་པ་མཁས་པ་གཞོན་དུ་དར་གྱི་ཐུགས་དམ་རྟེན། ཐུགས་ཀྱི་རྟེན་དུ་གུ་གུ་ཞལ་གྱི་རྣམ་རྒྱལ་མཆོད་རྟེན་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་ཐུགས་དམ་རྟེན། ཛྷེ་ཁྱིམ་གྱི་ཏིང་ཤག་ཉི་མ་ཚངས་དབྱངས་གདན་ས་མཐིལ་ནས་ཞྭ་དམར་བས་བཞེས་པ། ཟ་དམ་ལི་མ་ལྷ་ཁང་ནས་བྱུང་བ་སྲ་བཏགས་ཀྱི་སྐུ་བརྙན། འགྱུར་མེད་རྡོ་རྗེས་མཚན་པའི་གོས་བཟང་བསྒྲིགས་ཀྱི་བཞུགས་གདན། གསེར་སྲང་གང༌། དངུལ་སྲང་བཅུ་ཡོད་ཀྱི་མཎྜལ་དང༌། དངུལ་སྲང་བཅུ། ཁ་བཏགས་ཀྱི་རྟགས་རིས་ལ་མཆོད་པའི་ལྷ་མོ་བརྒྱད་ཀྱིས་མཚན་པ་སོགས་དགུ། སྨན་རྩེ་ཡུག་དགུ། བྱང་དར་ཡུག་བརྒྱད། གོས་པདྨ་མཐོན་མཐིང་སོགས་ཡུག་ལེགས་པ་ལྔ། རྟ་ལེགས་པ་གཉིས། ཇ་ནག་པོ་འཁོར་དྲུག་སོགས་ལྔ། རྒྱ་ཁྲོ་ཆེ་བ། ཁྲབ། གཞན་ཡང་དར་རས། སྣམ་བུ་བཅས་ཁྱོན་དགུ་ཚན་དགུ་དང༌། འཁོར་ལོས་སྒྱུར་བ་ཆེན་པོའི་སྐུ་ཞབས་སུ་ཚེ་དཔག་མེད་ཀྱི་སྐུ་བརྙན། གོས་ཁ་ཐི་དང་ཧུས་བསྒྲིགས་ཀྱིས་བཞུགས་གདན། གསེར་སྲང་གང༌། དངུལ་སྲང་བཅུ་ཡོད་ཀྱི་མཎྜལ། དངུལ་སྲང་བཅུ། ཁ་བཏགས་ཆེ་ལེགས་བདུན། སྨན་རྩེ་ཡུག་བདུན། བྱང་དར་ཡུག་བདུན། གོས་ཡུག་ལེགས་པ་གཉིས། རྟ། ཁྲབ། ཇ་ནག་པོ་འཁོར་