[A:༣༨༤]རྫོགས་ཤིང༌། རང་རེ་ཡང་འདུན་པ་ཚིམ་པ་ཞིག་འོང་འདུག་བསམ་ཨུ་ཚུགས་ཀྱི་འདུན་པ་ཡོད་ཐོག །ཞབས་དྲུང་དབོན་དང༌། ཆོས་རྗེ་རིན་པོ་ཆེ་སོགས་སྣོད་ལྡན་ཁ་ཤས་ཀྱིས་ཡང་ཡང་བསྐུལ་ནས་ལོ་མང་ཙམ་སོང་བ་དང༌། ཉེ་ཆར་ནན་གྱིས་གསུང་ནན་ཆེ་བ་བཅས་ནག་པ་ཟླ་བའི་གཟའ་ཚེས་ལེགས་པར། ཞབས་དྲུང་དབོན་རིན་པོ་ཆེ་ངག་དབང་མཁྱེན་བརྩེ་རབ་བརྟན། ཉན་པོ་ནས་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆོས་རྗེ་རིན་པོ་ཆེ་སྐུ་མཆེད། མཁས་དབང་དམ་པ་གཟིམས་འོག་སློབ་དཔོན་པ་ཀུན་དགའ་ནོར་བུ། རིམ་གཉིས་མཐར་ཕྱིན་ཨོ་ཐོག་བླ་མ་ཆ་དཀར་ཧོ་ཐོག་ཐུ་སོགས་བླ་ཁག་བཅོ་ལྔ་གཙོར་གྱུར་གྱི་སྣོན་ལྡན་གྱི་སློབ་མ་སུམ་ཅུ་རྩ་གསུམ་ལ། རྗེ་བཙུན་མཐུ་སྟོབས་དབང་ཕྱུག་བི་རཱུ་པར་བདག་མེད་ལྷ་མོ་བཅོ་ལྔས་མཁའ་འགྲོའི་ཞལ་རླངས་མ་ཡལ་བར་གནང་བའི་མན་ངག །གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ། ཁ་བའི་ལྗོངས་འདིར་ཐམས་ཅད་མཁྱེན་པ་འབྲོག་མི་ལོ་ཙཱ་བས་པཎ་ཆེན་གྷ་ཡ་དྷ་ར་ལས་གསན་ཏེ་རིམ་པར་འཕེལ་བ། ཤིང་རྟའི་སྲོལ་འབྱེད་རྗེ་བཙུན་ས་སྐྱ་བ་ཡབ་སྲས་ཀྱི་དར་ཞིང་རྒྱས་པར་མཛད་པ། ཐུན་མོང་དུ་ངོར་རྫོང་གོང་དཀར་ཕྱོགས་སུ་མང་ནའང༌། ཇི་སྐད་དུ། ཚར་ཆེན་རྡོ་རྗེ་འཆང་ཆེན་པོས། ང་དལ་འབྱོར་རྡོ་རྗེའི་ལུས་མཆོག་ཐོབ། །ཕ་མཚན་ལྡན་བླ་མས་རྗེས་སུ་བཟུང༌། །ལམ་ཚད་མ་སྙན་བརྒྱུད་བཞི་ལྡན་ཐོབ། །ད་གང་ལྟར་བྱས་ཀྱང་ཨེ་མ་ཧོ། །ཞེས་དང༌། ཀུན་མཁྱེན་མཁྱེན་བརྩེས། དུས་ད་རེས་དམ་ཆོས་སྒོར་ཞུགས་ཀྱང། །ཆོས་ཚོགས་བཤད་སྦུན་པས་གཡེང་བའི་ཚེ། །ད་ཁྱེད་ཀྱི་ཐུགས་ཀྱི་རྒྱ་མཚོ་ལས། །ལམ་ཟབ་མོ་སྙན་བརྒྱུད་རིན་ཆེན་སྩལ། །ད་ཁྱེད་