[A:༣༩༤] ཨཥྟཱའི་བཟླས་ལུང༌། རྟེན་འབྲེལ་བྱིན་རླབས། ཚར་གསུམ་ཁུག་པ་རྣམས་མང་བ། དཔལ་རྡོ་རྗེ་ཕྲེང་བ་ཚར་བཅུ་བདུན། དུས་འཁོར་ཟུར་བཀའ་ཚར་གསུམ། མཁའ་འགྲོ་རྒྱ་མཚོ་ཚར་བཅོ་ལྔ། བདེ་མཆོག་ལོ་ནག་གཉིས། དྲིལ་བུ་ལུས་དཀྱིལ། གསང་འདུས་འཇམ་རྡོར་དང༌། སྤྱན་རས་གཟིགས། འཇིགས་བྱེད་རོ་ལངས་བརྒྱད་སྐོར། གཤེད་དམར་ལྷ་ལྔ། ཕྱག་རྡོར་གོས་སྔོན། གྲི་གུག་ལྷ་ལྔ། ལྷ་བརྒྱད་དང༌། ལྷ་མགོན་བཅུ་གཉིས་མ་རྣམས་ཚར་མང་ཙམ། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཚར་སུམ་བརྒྱ་སྐོར། ཚེ་དཔག་ལྷ་དགུ། མི་འཁྲུགས་པ། ཀུན་རིག །རྣམ་འཇོམས་དཀར་པོ། འཆི་བདག་འཇོམས་པ། འཆི་མེད་རྔ་སྒྲ། རིགས་གསུམ་སྤྱི་དབང༌། འཇམ་དབྱངས་ཨ་ར་པ་ཙ་ན་ལྷ་ལྔ། བཅུ་གཅིག་ཞལ་རྣམས་ཀྱི་དབང་ཤིན་ཏུ་མང་བ། རྗེས་གནང་ལ། སྒྲུབ་ཐབས་རྒྱ་མཚོ། བརྒྱ་རྩ། གྲུབ་ཆེན་བརྒྱད་ཅུ། སྒྲོལ་མ་ཉེར་གཅིག་རྣམས་ཀྱི་རྗེས་གནང་སུམ་ཅུ་སྐོར་རེ། རྣམ་རྒྱལ། རྣམ་འཇོམས། སྒྲོལ་དཀར། རྟ་མགྲིན་གྱི་རིགས་མང་བ། ཕྱག་རྡོར་གྱི་རིགས་མང་བ། གསེར་ཆོས་རྣམས་དང༌། ཟབ་ཆོས་ཟུར་བཀའི་རིགས་ཤིན་ཏུ་མང་བ། གྲུབ་ཐོབ། གྲུབ་རྒྱལ་མ་སོགས་ཚེ་དབང་གི་རིགས་ཤིན་ཏུ་མང་བ། དམར་པོ་སྐོར་གསུམ། དམར་མོ་སྐོར་གསུམ། དམར་ཆུང་སྐོར་གསུམ། དཔྱལ་ལུགས་ཀྱི་ཕག་མོ་སྐོར་གསུམ། དྲིལ་བུ་རིམ་ལྔ། བདེ་མཆོག་དཀར་པོ། །བཀའ་གདམས་ཐིག་ལེ་བཅུ་དྲུག །ཁྱུང་ཁྲ་ནག །དུར་བདག །ཞང་བློན། སྨན་བླ། ལྷ་མོ། རྣམ་སྲས་སོགས་ཟུར་བཀའི་རིགས་མང་བ། །རྙིང་མའི་སྐོར་ལ། དཔྱལ་ཕུར། རྟ་མགྲིན་ཡང་གསང༌། གུར་དྲག་