R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༩༥
[A:༣༩༥]ཉང་ལུགས་ཀྱི་དཀྱིལ་འཁོར་དང་རྗེས་གནང༌། ལུ་གུ་རྒྱུད། གཏོར་དབང༌། བྱིན་རླབས། གུ་རུ་དཀོན་མཆོག །དཀོན་མཆོག་སྤྱི་འདུས། བྱང་གཏེར་འཆི་མེད་འོད་སྣང་དང་ལྕགས་སྡོང་མ། གྲུབ་ཐོབ་ཚེ་དབང་སོགས་དབང༌། རྗེས་གནང༌། ལུང་སོགས་ཤིན་ཏུ་མང་བ། ལུང་གི་སྐོར་ལ་ལམ་འབྲས་བུ་དང་བཅས་པའི་གླེགས་བམ་པོད་སེར། པོད་ནག་མ། པོད་དམར། པོད་སྔོན་མ་སོགས་ལུང་གི་རིགས། རྣམ་ཐར་གྱི་རིགས། ཕྲེང་བ་སྐོར་གསུམ། ས་སྐྱ་བཀའ་འབུམ། ངོར་ཆེན་བཀའ་འབུམ། རོང་སྟོན་ཆེན་པོའི་བཀའ་འབུམ་ཐོར་བུ། སངས་རིན་བཀའ་འབུམ་སོགས་དབང་ལུང་རིགས་གཏད་འགའ་ཁོར་ཡུག་ཏུ་བྱས་པས་བསྟན་རྒྱུན་དང་ཉེ་འཁོར་ལ་དགོངས་གསན་མཁན་ཀྱང་མང་བ་ཞིག་བྱུང་བ། གཙོ་བོར་གྱུར་པ་ནི་གདན་ས་ནས་རིགས་བརྒྱའི་ཁྱབ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་དགའི་མཚན་ཅན། རྩེ་གདོང་ནས་འཇམ་དབྱངས་སྐུ་མཆེད། དྲིན་ཆེན་ཁྱབ་བདག་ཞྭ་ལུ་པ་ཆེན་པོ། །ཆོས་ཀྱི་རྒྱལ་པོ་འཇམ་དབྱངས་གཙང་ཁ་པ་ཆེན་པོའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་སྔ་ཕྱི་གཉིས། སྔ་འགྱུར་བསྟན་པའི་མངའ་བདག་རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུ་མཆོག །རིག་འཛིན་པདྨའི་རྒྱལ་ཚབ་ཨོ་རྒྱན་གཏེར་བདག་གླིང་པ། འ་ཞྭའི་རྡོ་རྗེ་འཛིན་པ་ཆེན་པོ་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ། །ཟུར་ཐམས་ཅད་མཁྱེན་པའི་མཆོག་གི་སྤྲུལ་པའི་སྐུ། གོང་ས་སྐྱབས་མགོན་ཆེན་པོའི་མཆོད་དཔོན་བྱམས་གླིང་མཁན་ཆེན། དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་དགེ་སློང་རིན་པོ་ཆེ། སྐྱབས་མགོན་ཆེན་པོའི་བླ་སྨན་འཚོ་མཛད་སྨན་པའི་རྒྱལ་པོ་དར་མོ་ནས། གསུམ་ལྡན་རྡོ་རྗེ་འཛིན་པ་གཟིམས་དཔོན་ངག་དབང་དཀོན་མཆོག་