[A:༣༩༦]གསོལ་དཔོན་ཆེན་མོ་སྔགས་རམས་པ། མཁས་དབང་རྣམ་གླིང་པཎ་ཆེན། གནས་ལྔ་རིག་པའི་མཐར་སོན་པཎྜི་ཏ་འདར་ལོ། འཁོར་ལོས་སྒྱུར་བ་ཆེན་པོའི་དྲུང་ཡིག་བསྟན་འཛིན་དབང་པོ་དང༌། འཇམ་དབྱངས་དབང་པོ། མགྲོན་གཉེར་ཆེན་མོ། རྟ་ར་མདོ་པ། འཛམ་གླིང་འདུས་སྡེ་རྣམས་ཀྱི་གཙུག་རྒྱན། མཁས་བཙུན་ནུས་པའི་བདག་ཉིད། ངེས་གསང་ཆོས་ཀྱི་འབྱུང་གནས་སྐུ་ཞབས་གྲྭ་ཚང་ནས་རྡོ་རྗེ་འཛིན་པ་ཕྱག་རྡོར་དབང་ཕྱུག་དང༌། རབ་འབྱམས་པ་སྐྱེས་མཆོག་སོགས་རྡོ་རྗེ་འཛིན་པ་ཉི་ཤུ་སྐོར། གསང་ཆེན་ཆོས་ཀྱི་འབྱུང་གནས་ཨེ་ཝཾ་ཆོས་ལྡན་གྱི་མཁན་ཆེན་ལྷུན་གྲུབ་དཔལ་ལྡན་དང༌། དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་སངས་རྒྱས་ཕུན་ཚོགས་སོགས་བཞི། མཁས་པའི་དབང་ཕྱུག་བཀྲ་ཤིས་དཔལ་ལྡན། ཐར་རྩེ་སྒྲུབ་ཁང༌། ཁང་གསར་ཞབས་དྲུང་སོགས་བླ་ཁག་ཁ་ཤས། སངས་རྒྱས་གཉིས་པ་བུ་སྟོན་ཆེན་པོའི་གདན་ས་མཁྱེན་བརྩེའི་བདག་ཉིད་སྐུ་ཞང་ཆོས་རྒྱལ་དང༌། མཁས་གྲུབ་ཆེན་པོ་མཉྫུ། དབང་ལྡན་ཆོས་འཁོར་གྱི་མཁན་པོ། དཀར་པོ་གྲྭ་ཚང་གི་སློབ་དཔོན། ཐུབ་བསྟན་རྣམ་པར་རྒྱལ་བའི་མཁན་ཆེན་མཁས་པའི་གཙུག་རྒྱན་བཟང་པོ་རྒྱལ་མཚན་སོགས་གཉིས། མངའ་རིས་སློབ་དཔོན་དང་ཁམས་པ་སློབ་དཔོན། འདར་གྲོང་མོ་ཆེའི་མཁན་ཆེན་གྲུབ་པའི་དབང་ཕྱུག་ངག་དབང་བསྟན་པ་རབ་རྒྱས། ཐུབ་བསྟན་ཡངས་ཅན་མཁན་པོ། གསེར་མདོག་ཅན་གྱི་ལྕང་ར་སློབ་དཔོན། མཁས་པའི་འབྱུང་གནས་འབྲས་ཡུལ་སྐྱེད་ཚལ་གྱི་མཁན་ཆེན་ཤེས་རབ་རིན་ཆེན་སོགས་བཞི། ཐར་པ་མཁན་པོ། སྐྱེད་ཚལ་འོག་གི་མཁན་པོ་ཁྱུང༌། ཁོ་སེ་སློབ་དཔོན་མཁྱེན་རབ་ཕུན་ཚོགས་སོགས་བཞི། བསྟན་པའི་འབྱུང་ཁུངས་གསང་ཕུ་