[A:༣༩༧]ནེའུ་ཐོག་གི་གླིང་སྟོད་སྨད་ཀྱི་ཞབས་དྲུང་གསུམ། མཆོད་ཁང་དཔོན་སློབ་གཉིས། རྣམ་རྒྱལ་གསེར་ཁང་གི་སློབ་དཔོན། དྭགས་པོ་གྲྭ་ཚང་གི་སློབ་དཔོན་གཉིས། ར་བ་སྨད་སློབ་དཔོན་གཉིས། རྨོར་ཞབས་དྲུང་ཀུན་དགའ་ལྷུན་གྲུབ། དུམ་བུ་ཆོས་འཁོར་གྱི་སློབ་དཔོན་གཉིས། གྲྭ་ཕྱི་ཚོགས་མཁན་པོ། གྲ་ཐང་མཁན་པོ། རབ་བྱུང་མཁན་པོ། གོང་དཀར་ནས་གྲུབ་དབང་དམ་པ། རྟ་ར་མདོ་པ་ནམ་མཁའ་མཛོད་དཔོན་སློབ། དགེ་སློང་ཕྲིན་ལས་པ། འཕགས་སྡེ་ནས་རབ་འབྱམས་པ་སྐུ་སྐྱེ་དང་ཕན་བདེ། ལྕམ་མདའ་བླ་མ་མངའ་རིས་རབ་འབྱམས་པ་སྐུ་མཆེད། སེར་ནས་སྐྱོར་མོ་ལུང་མཁན་པོ། དུང་དཀར་འབྲུག་གྲགས། སྐྱིད་ཤོད་ཞབས་དྲུང་སྐུ་སྐྱེའི་དབུ་བླ་དགེ་སློང་རྒྱུད་སྟོད་སྨད་ཀྱི་བླ་མ་གཉིས། སྒོ་མང་གྲྭ་ཚང་སློབ་དཔོན། གུང་ཐང་ཤར་པའི་བླ་མ་གཉིས། ལྷ་བཙུན་ཆེན་པོ་སྤྱན་སྔ་ཁུ་དབོན། འཆད་ཁ་སློབ་དཔོན། སེམས་དཔའ་སྤྲུལ་སྐུའི་གཟིམས་དཔོན་བླ་མ་སྙན་གྲགས་སོགས་གཉིས། རྒྱ་མ་ནས་མཆོད་དཔོན་སྐུ་སྐྱེ་སོགས་ཁ་ཡར། རྭ་སྒྲེང་བླ་མ་གཉིས། གླང་ཐང་དྲུང་ཆེན་དང་སློབ་དཔོན། རི་སྡེའི་བླ་མ། ཆོས་ལུང་སྐུ་སྐྱེ་དང་གདུང་བརྒྱུད། བསམ་སྡིངས་ཡབ་པ་སྤྲུལ་སྐུ། དཔལ་རྩེ་བླ་མ་གསུམ། ལྕང་མ་བླ་མ་སོགས་བླ་ཁག་གྲྭ་རིགས་ཆེས་མང་བ་དང༌། གསང་བའི་བདག་པོའི་རྣམ་སྤྲུལ་གཅུང་རིན་པོ་ཆེ། ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཟབ་གཏེར་གྱི་ཆོས་བདག་བརྩེ་ཆེན་ཀུན་དགའ་བཀྲ་ཤིས། སྐུ་ལུས་མ་སྤངས་པར་རིག་འཛིན་གྱི་སར་གཤེགས་པ་དྲུག་བརྒྱ་སྒྲུབ་ཆེན་མཁས་བཙུན་གྲུབ་པའི་དབང་ཕྱུག་ལྕགས་ཟམ་ཞབས་དྲུང་རིན་པོ་ཆེ། རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ངེད་རང་གི་ཞབས་དྲུང་དབོན་རིན་པོ་ཆེ། ངེས་