R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༦༣
[A:༡༦༣] ཕོ་བྲང་ཆེན་པོར་སྡེ་སྲིད་སྐུ་ཞབས་སུ་མཇལ་ཁར་ཕྱིན་པར་འཕྲལ་ཏུ་མཇལ་ཁ་བཀའ་དྲིན་བསྐྱངས་ཤིང་སྐུ་མདུན་དུ་ཉེ་བར་བཞག་ནས་དྲི་བ་ཞིབ་ཏུ་གནང་བྱུང་བར་བཀའ་ལེན་རྒྱས་པར་ཕུལ་ཞིང༌། ཁྱད་པར་ས་སྐྱའི་གོང་བཞུགས་སྐུ་ལྟེམ་ཚུལ་དང༌། བསླབ་སྟོན་གནང་བ་རྣམས་གང་ལེགས་ཀྱི་སྙན་འབུལ་ནན་ཆགས་པ་ངོས་ཀྱིས་ཞུས་ཏེ། མགྲོན་ཁང་དུ་སྟོན་མོ་ཟབ་རྒྱས། གོས་དར། རྟ་སོགས་ཀྱི་གནང་སྦྱིན་དཔངས་མཐོ་བ་བཀའ་དྲིན་བསྐྱངས། ས་སྐྱའི་ལྷ་ཁང་མཁན་རིན་པོ་ཆེར་དགོངས་ཁྲེལ་གྱི་ཞུ་སྒུག་ལ་ཡུན་རིང་ཐོགས་པ་གསུམ་སྐས་མགོར་བཞུགས་འདུག་པ་དང་མཇལ། སྙན་འབུལ་དང་བསླབ་སྟོན་སོགས་གནས་ཚུལ་དང༌། ད་ཆ་མགྱོགས་ཙམ་ཐོན་པ་འདྲ་ཞུས་ཤིང༌། ཞག་བཞི་ལྔ་ཙམ་ནས་དགོངས་པ་དྭངས་ཤིང་ཕྱིར་ལོག་ཕེབ་ཆོག་པ་བྱུང་འདུག །རང་གནས་སུ་འབྱོར། ངེད་རང་དགྱེས་མཛད་རྡོ་རྗེའི་བསྙེན་པར་བསྡད། རིག་པ་ཧུར་ཕྱུང་སྟེ་བརྩོན་འགྲུས་ཆེན་པོས་ཉམས་སུ་བླངས་པས་བླ་མ་རྣམས་ཀྱི་ཐུགས་རྗེས་ལུས་སེམས་བདེ་ཞིང་བག་ཕེབ་ལ། ལྷ་སྔགས་ཡེ་ཤེས་ཀྱི་རོལ་པའི་ཏིང་འཛིན་འཕེལ་བ་ཞིག་བྱུང་ཞིང་བསྙེན་པའི་རིང་མཁས་བཙུན་གྲུབ་པའི་དབང་ཕྱུག་གཅུང་རིན་པོ་ཆེས་འཕྲལ་དགོས་ཀྱི་དབང་ཆོས་སོགས་ལུགས་གཉིས་ཀྱི་འགན་བཞེས་གནང༌། ཟླ་བ་བརྒྱད་ནས་ཁ་སྐོང་ལ་སྦྱིན་སྲེག་ཞག་བདུན་དང༌། ཆོས་སྐྱོང་རྣམས་ལ་གཏང་རག་གི་བསྐང་བ་བརྒྱ་ཚར་རེ་ཕུལ་ནས། ༈ ཤིང་རྟ་ལོར་ཟླ་བ་བཞི་པའི་སྟོད་དུ་མཚམས་གྲོལ། ངེད་རང་མཚམས་ལ་བསྡད་ཐོག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་དབང་ཐམས་ཅད་