R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༦༦
[A:༡༦༦]བརྒྱད་ཅུ་གྱ་གཉིས། ཕྲ་རྒྱན་དུ་མེ་ཤེལ་ལྔ། ཆུ་ཤེལ་གཅིག །ཤེལ་འཇའ་ཚོན་མ་བཞི། གཡུ་བྱེ་རུ་མུ་ཏིག་སོགས་རྒྱན་མང་བ། དངུལ་ཆུ་བཅས་དགོས་ཆ་གང་དགོས་དང༌། ཆུང་བ་དེར་ལྷ་ཉག་གིས་ཟངས་ཁལ་བཅུ་གཅིག །དངུལ་སྲང་སུམ་བརྒྱ། གསེར་ཞོ་བརྒྱ་དང་དྲུག་ཅུ། ཕྲ་རྒྱན་དུ་མེ་ཤེལ་གསུམ། ཆུ་ཤེལ་གསུམ། འཇའ་ཚོན་མ་གཉིས། གཡུ། བྱེ་རུ། མུ་ཏིག །དངུལ་ཆུ་སོགས་རྒྱུ་ཆ་ཕུན་སུམ་ཚོགས་པ་སྤྲོད་པས་ལེགས་པར་གྲུབ་ཅིང༌། བལ་པོ་རྣམས་ལའང་གླ་ཡོན་རྩིས་གཞིའི་ཐབས་ལ་མ་ལྟོས་པའི་འཕར་བཅས་གསེར་དངུལ། གོས་དར། ཇ་རས། རྟ་ཕྱུགས་སོགས་ཀྱིས་ཚིམ་པར་བྱས་ཏེ་རྫོང་བདའ་བྱས། གཟའ་ཚེས་དགེ་བར་ནང་གཞུག་གི་བཀོད་པ་བསྒྲིགས་ཏེ། ཆེ་བའི་ནང་དུ་ཁམས་གསུམ་དབང་སྡུད་འདོད་པའི་རྒྱལ་པོའི་རྣམ་སྤྲུལ་དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་རྗེ་དབོན་རིན་པོ་ཆེའི་སྐུ་གདུང་བྱིན་རྟེན་དང༌། དྲི་བཟང་སྦགས་པའི་དར་རས་སོགས་ཀྱི་ན་བཟའ་གསོལ་ཏེ་ནང་རྟེན་གྱི་གཙོ་བོར་གཞུག །གཟིམས་དཔོན་བླ་མ་ཀུན་དགའ་བློ་གྲོས་གྲོགས་བཅས་ཀྱིས་ཕྱག་བསྟར་ཏེ། རིང་བསྲེལ་རྣམ་པ་བཞི་ཚན་ཆེ་བ་དང༌། རྫོགས་པའི་སངས་རྒྱས་ཀྱི་རིང་བསྲེལ། གོང་མ་ཆོས་ཀྱི་སྤྱན་ལྡན་གྱི་གདུང་རུས། རིང་བསྲེལ། གདུང་ཚ་མང་བ། རྒྱ་བོད་ཀྱི་མཁས་གྲུབ་དུ་མའི་གདུང༌། རིང་བསྲེལ། དབུ་ལོ། ཕྱག་སེན། ན་བཟའ། རྗེ་ཉིད་ཀྱི་ན་བཟའ་ཆ་ཚང༌། གཞན་ཡང་སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་ཁ་ཤས་དང༌། གསེར་དངུལ་སོགས་རིན་པོ་ཆེ་