[A:༡༧༣]འདུག་པ། ངེད་རང་འཁོར་ནས་བཅོ་བརྒྱད་ཀྱང་ཕྱོགས་མཐུན་བྱེད་དགོས་ཟེར་བར། ངེད་མཆེད་ཀྱིས་ས་སྐྱ་བདག་པོ་འདི་ཕྱིའི་སྐྱབས་གནས་སུ་སོང་བས་དེ་རིགས་བྱེད་པ་ག་ལ་སྲིད། ཁྱེད་རྣམས་ཀྱང་ཞུ་སྦྱོར་མི་འགལ་ཚུལ་ནན་ཀྱིས་བྱས་ཀྱང༌། ངེད་རང་ན་ཕྲ་བ་བཅས་རྩི་མེད་ཀྱིས་ལས་ཚན་ཚང་མ་གཞུང་སར་སྙན་འབུལ་དུ་བྱོན་སོང་བ། རྩེ་གདོང་ནས་ཕྱག་མཛོད་གཉིས་རྫོང་བདའ་གནང༌། ཞུ་གཏུགས་ལ་ཡུན་རིང་ཙམ་འགོར་སོང་བས་ས་སྤྲེའི་དབྱར་སྨད་ལྷོར་དཔུང་འཇུག་གནང་བའི་ཐུགས་བྲེལ་གྱི་སྟབས་ཐག་མ་ཆོད་པར་འགོར་སྐབས། ཕྱག་མཛོད་གཉིས་ཀྱིས་རབ་ནཱ་ལེནྡྲ་འཇགས་པ་དང༌། དགོངས་པས་མ་བཞེས་ཚེ་དཔལ་ལྡན་རྩེ་འདི་བདག་ཆེན་རྡོ་རྗེ་འཆང་གི་བཞུགས་གནས་ཁྱད་པར་ཅན་ཡིན་པས་བཀའ་དྲིན་སྐྱོང་དགོས་ཚུལ་ནན་གྱིས་ཞུས་ནས་ཕྱིར་ལོག །ལས་ཚན་རྣམས་ཀྱང་རེ་ཞིག་སློག་པ་གནང་འདུག །འདི་སྐོར་ནཱ་ལེནྡྲ་པ་རྣམས་དེ་བཞིན་བྱེད་འདུག་པར་ཁ་བརྡ་མ་སོང་བ་ལས། རང་ངོས་ས་སྐྱ་བདག་པོའི་ཐུགས་ལ་ཕོག་པ་རྨི་ལམ་དུའང་མི་བྱེད་བསམས་པ་ཡོད་ཅིང༌། གཞུང་སའི་མཇལ་ཁ་ཞུ་བ་སོགས་ལ་འགྲོ་དགོས་ཡོད་ནའང༌། ལྷ་ས་ཕྱོགས་ལ་རྡོག་བསྔོགས་མང་ན་རྩེ་གདོང་གི་ཐུགས་ལ་གཟིགས་ཕྱོགས་གོ་ལོག་པ་བྱུང་དོགས་ཀྱིས་ལྷོར་དཔུང་འཇུག་ལ་ཕེབ་པའི་ཕེབ་རྫོང་ཕྱག་མཇལ་ཞུ་དགོས་ཀྱང་ཕྱིས་སྐྱོན་དུ་ལུས་ཤིང༌།། ༈ མེ་སྤྲེལ་ལོར་ཕོ་བྲང་ནས་ཆིབས་ཁ་བསྒྱུར་གྲུབ་འདུག་ཅིང་ཕེབ་རྗེས་ལ་བསྙེགས་པས་འབྲས་སྤུངས་ལ་མཇལ་ཁ་ཞུས་སྐབས་རྩེ་གདོང་དང་ནཱ་ལེནྡྲ་བའི་སྐོར་ལ་དྲི་བ་གནང་བྱུང་བར། འཛིན་སྐྱོང་དང་གཏོང་སྒོ་སོགས་ལ་ནཱ་ལེནྡྲ་པ་