R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༧༢
[A:༡༧༢]དང་བཅས་པ་བགྱིས་ཏེ། མཐུ་ལྡན་རྒྱལ་བའི་བསྟན་སྲུང་ནག་པོ་ཆེ། །མཐུ་ཅན་ཕྱི་ནང་དྲེགས་པའི་འཁོར་བཅས་ཀྱི། །མཐུ་སྟོབས་གཟི་བརྗིད་བསྐྱེད་པའི་ཕྱི་ནང་རྟེན། །མཐུ་དང་ལྡན་པ་བསྟན་དགྲའི་གཤེད་དམར་བསྐྲུན། །ཞེས་གསུངས་པ་ལྟར་བྱིན་རླབས་ཀྱི་གཟི་འོད་འབར་བར་གྲུབ་པ་ནི་ཁྱད་དུ་མཚར་བ་ཞིག་གོ །དཔལ་འབར་མ་ཧཱ་ཀཱ་ལ་གུར་ཞལ་དང༌། །དཔལ་ལྡན་ལྷ་མོ་འདོད་ཁམས་དབང་ཕྱུག་མ། །དཔལ་འབྱོར་དབྱར་མཚོ་ལྟར་སྤེལ་རྣམ་ཐོས་བུ། །དཔལ་ལྡན་སྲིད་གསུམ་བདག་མོའི་སྐུ་རྣམས་བཞེངས། །བསྟན་སྲུང་རྒྱ་མཚོའི་གཟུགས་སྐུ་འཇིགས་རུང་ཅན། །བསྟན་དགྲའི་གཤེད་མར་མངའ་གསོལ་རབ་ཏུ་གནས། །བསྟན་འཛིན་བུ་བཞིན་སྐྱོང་བར་བཀའ་བསྒོས་ཏེ། །བསྟན་སྲུང་ཀུན་གྱི་གཙོ་བོར་བཞུགས་སུ་གསོལ། །ཨེ་མ་འདི་འདྲའི་སྐུ་བརྙན་ངོ་མཚར་ཅན། །སྔོན་མེད་སྒྱུ་མའི་འཕྲུལ་གྱི་ལྟད་མོ་འདི། །སྲུང་མས་མངོན་གསུམ་ཕྲིན་ལས་བསྒྲུབས་པ་ལས། །ཕལ་གྱི་བཟོ་བོས་སྒྲུབ་ནུས་ག་ལ་ཡིན། །ངེད་རང་སྒོམ་ཁང་དུ་དབྱར་ཆོས་ལ་ཡོད་ཐོག་འདམ་ནས་ས་སྐྱ་རབ་འབྱམས་པས་མང་ཇ་དང༌། སྨན་རྩེའི་འགྱེད་ཅིག་བཏང་བར་གཙང་པ་ཕྱོགས་གཅིག་གི་གཟིམས་ཁང་གཉེར་པས་རོགས་བྱས་པས་ཁམས་ཚན་ལ་ལའི་གྲྭ་པ་ཁ་ཅིག་ཕྱོགས་སུ་སོང་བར་སྐལ་བ་མ་སྤྲད་ཅིང༌། ཚང་མ་ཀོ་ལོང་ཡོད་པའི་ཁར་གཟིམས་ཁང་གི་ཕྱུགས་ཤིག་གི་རྐང་པ་གསེར་པས་བཅག་པས་ལས་ཚན་རྣམས་བསྡུས། གང་འགབ་གཉེར་བས་དྲི་བ་བྱས་འདུག་པར། དགོན་པའི་ཕྱི་ནང་གི་བདག་རྐྱེན་དང་གཏོང་སྒོ་རྣམས་མ་བྱུང་བས་གཞུང་དུ་བླ་མར་ཞུ་ཟེར་མནའ་གམ་བཞག་