[A:༡༧༦] ཟུར་ཆས་རྒྱས་པ། ངེད་ལ་གོས་དར། ཇ། རྟ་སོགས་ཀྱི་དགུ་ཚན་གཉིས་དང༌། དམངས་མར་གཅིག་ཀྱང་སྩལ། མ་འགྱངས་པར་ཕྱག་མཛོད་གཉིས་སྐུ་ཞབས་སུ་བཅར་འདུག་པར་གཏོང་སྒོ་དང་འཛིན་སྐྱོང་གི་བསླབ་སྟོན་དང༌། ཁྱེད་དཔོན་སློབ་བཅོ་བརྒྱད་རང་ལ་དོགས་པ་ཞིག་འདུག་ཀྱང༌། བཅོ་བརྒྱད་པས་རྩེ་གདོང་ནས་གནང་དགོས་ཚུལ་ནན་གྱིས་ཞུ་འདུག །དེ་རིགས་ལ་དོགས་པ་མཛད་ན་ནང་ཁུལ་དུ་མི་འགབ་ཚུལ་བསླབ་སྟོན་གནང་འདུག་ཀྱང༌། ཕྱག་ཕྱི་རྣམས་ཀྱིས་རྒྱུར་བསྟེན་དགོངས་པར་མི་གཏད་ཙམ་གནང་འདུག །སྐུ་ཚབ་དང་བཅས་ནཱ་ལེནྡྲ་རྫོང་བདའ་གནང༌། མང་ཇ་འགྱེད་བཅས་གནང་སོང་ཐོག །གཏོང་སྒོ་དང་འཛིན་སྐྱོང་སྔར་ལུགས་ལ་མ་སོང་བར་དགོས་ཚུལ་གྱི་བསླབ་སྟོན་དང་བཅས་གང་ལེགས་ལས་ཁྲིམས་འདེགས་འགེལ་ཆ་ཙམ་ཡང་མ་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་བར་སྩལ་སོང༌། འུ་དུ་སུ་འབུལ་སྡུད་པ་དང༌། ཁམས་འགྲུལ་བ་རྣམས་ཕྱིར་ལོག་ལ་རྫོང་བདའ་སོགས་ལུགས་གཉིས་འཕྲལ་སེལ་རྣམས་ངེད་རང་མཆེད་ནས་བྱས། འདི་སྐབས་ཆོས་སྡེ་ཆེན་པོའི་སྲུང་མར་ཆོས་རྒྱལ་དཔོན་བློན་ཀུན་མཁྱེན་ཆེན་པོས་སྲུང་མར་བཀའ་བསྒོ་བར། གསོལ་མཆོད་རྒྱུན་དུ་བྱེད་ཀྱང་ཁོག་ཞུགས་ཆོས་གཞིས་འདྲར་བུད་མེད་ལ་བྱེད་པ་ལས་གྲགས་ཆེར་མེད་ཀྱང༌། བར་སྐབས་ཤིག་ཁོག་ཞུགས་བྱེད་མི་སྒྲུབ་སྡེའི་བླ་མ་དབོན་པོར་ངེད་ལ་ལེན་བསྐུར་དུ། འཇམ་དབྱངས་ཀྱི་སྤྲུལ་པ་མཁྱེན་རབ་དགེ་བཤེས་ཀྱིས་ངེས་དགོས། ས་སྐྱིད་པོ་པ་ཚབ་གཞིས་ཁར་ཁོག་པ་འཚོལ་དུ་འགྲོ་ཞིང༌། དེ་ནས་ཆོས་སྡེ་ཆེན་