[A:༡༧༧]པོར་འོང་རྒྱུ་ཡིན་པས་ཆས་དང་མཚོན་ཆ་གྲབས་ཀྱིས། བདག་རྐྱེན་བྱས་ན་ནམ་ལངས་པ་དང་ཉི་མ་ཤར་བ་ལྟ་བུ་འོང་ཟེར་བ་བྱུང་ཞིང༌། ཕྱི་ལོ་པ་ཚབ་ཤར་བའི་བུ་ཨ་གསུམ་ཟེར་བ་གཞུང་གི་མི་གྲྭར་འཚོ་བྱེད་བསླབ་གྲའི་ཁྲོད་ལ་ཡོད་འདུག་པར་ཁོག་ཞུགས་བྱས་ཏེ་འཚུབ་འགྱུར་ཆེ་བར་བྱུང་འདུག་གཤིས་ཕྱིར་སློག་གནང་སྐབས། ཐང་ལྷ་བའི་བུ་མོ་སོགས་ལ་ལས་མཁན་ཀྱང་བབས། པ་ཚབ་ཏུ་མཁན་ཆེན་རྫོང་ཤར་པ་ཕེབ་པར་བཀྲ་ཤིས་ཁ་བཏགས་དང༌། གྲི་བཀུག་པ་བསྐུར་ནས་དགོན་གནས་སུ་བདག་གྱིས་ཟེར་བར། དཔལ་ས་སྐྱ་པ་ཆེན་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བསོད་ནམས་པར་གསུང་བརྟག་ཞུས་པར། དེ་ཁའི་ཆོས་སྐྱོང་ཁོག་ཏུ་ཞུགས་ངེས་ཡིན་འདུག་པས་བདག་བྱས་ན་ལེགས་པར་འདུག་གནང་བ་བཞིན། ཀུན་མཁྱེན་ཆེན་པོའི་དུས་དྲན་མཆོད་པའི་ཉིན་དཔོན་བློན་གཉིས་ཀར་སོ་སོའི་ཁོག་ཏུ་ཞུགས་པར་ངེད་རང་ནས་དབུ་རྨོག་དང༌། རུ་མཚོན། ཁྲབ་གདན། ཕྱག་མདུང༌། རལ་གྲི། སྙན་ཤལ་སོགས་ཕུལ་ཞིང༌། བླ་ཁག་ལས་ཚན་གྲ་རིགས་བཅས་པས་སྙན་དར་ཞལ་ཇ་སོགས་ཕུལ་ཐོག་རྒྱལ་ཁང་གི་ཕྱི་ནང་ཚང་མར་འཚུབ་འགྱུར་ཤིན་ཏུ་ཆེ་བ་བསྟན་པར། ངེད་རང་ནས་བཀའ་བསྒོ་དང་ཕྲིན་བཅོལ་རྒྱས་པར་ཞུས་པར་གསན་ཏེ་ཁྲིའུ་ཤིང་གི་ཁར་བཞུགས་ནས། སྲུང་མ་ལ་བདག་བྱས་པ་ཤིན་ཏུ་ལེགས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་བཞིན་སངས་རྒྱས་ཀྱི་བསྟན་པ་སྤྱི་དང༌། བྱེ་བྲག་ཆོས་སྡེ་འདི་ནམ་ལངས་ཉི་མ་ཤར་བ་ལྟ་བུ་བྱེད་གསུང་བ་སོགས་ལུང་བསྟན་མང་དུ་མཛད། དེ་ནས་བཟུང་ཡར་ཟླ་