R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༨༩
[A:༡༨༩]བཅས་པའི་གདམས་པ་བཙུགས། ༈ ཆུ་ཡོས་ཟླ་བ་དང་པོར་ཆོ་འཕྲུལ་རིང་ཚེ་སྒྲུབ་དང༌། བསྙེན་པ་ཁ་གསོ་བྱས་ཏེ། གྲོལ་མཚམས་སྔགས་ལམ་ཚུགས། གསུམ་པའི་ཟླ་སྟོད་ཀྱི་བར་དབང་ལུང་ཁྲིད་སོགས་རྒྱས་པར་བྱས། དབང་ཁང་འཆི་མེད་ཕོ་བྲང་དང༌། མཚམས་ཀྱི་ཤིང་རྩི། མཆོད་སྒམ་དམར་པོ་ཆ་དྲུག །ལྗང་གུ་ཆ་དྲུག་བཅས་གསར་བཟོ་བྱས་པར་བྲག་དབར་མཁར་བ་སོགས་ཤིང་བཟོ་བ་ལྔ་དང༌། སྤྲུལ་སྐུ་བ་བཅས་ལ་སོ་སོར་ཡོན་གྱིས་ཚིམ་པར་བྱས། ཁམས་སོག་གི་འགྲུལ་པས་གཙོས་གྲྭ་རིགས་མང་བར་ཆོས་འབྲེལ་ཅི་རིགས་དང༌། ལུགས་གཉིས་ཀྱི་བདག་རྐྱེན་བྱས། ཕོ་བྲང་ཆེན་པོ་རི་བོ་གྲུ་འཛིན་དུ་གོང་ས་ཆེན་པོ་ཡས་ཕྱིན་གྱི་མཇལ་ཁ་ཞུ་བར་ཕྱིན་པར། མཇལ་ཁ་མ་འགྱངས་པར་སྩལ་ཞིང་ཆོས་ཀྱི་བཀའ་འདྲི་མང་ཙམ་གནང་བར་བཀའ་ལེན་གང་རྒྱས་ཕུལ། ཟུར་ཆས་བདག་རྐྱེན་ཐོན་ཕྱག་ཞུ་ཉིན་གནང་ཆ་སོགས་གཞན་དང་མི་འདྲ་བར་བཀའ་དྲིན་བསྐྱངས་ཏེ་ཕྱིར་ལོག །ཆོས་སྡེ་ཆེན་པོ། དགོན་ལག་སོགས་ཀྱི་དུས་མཆོད། གཏོར་མ་བརྗེ་བ། ཆོས་བཀའ་ཅི་རིགས་སྔར་རྒྱུན་ལྟར་བྱས། ༈ ཤིང་འབྲུག་ལོར་མགོན་པོ་བཀའ་སྡོད་ལྟར་བསྒྲུབ་པའི་བསྙེན་པ་དང༌། ཚེ་སྒྲུབ་བྱས་ཤིང༌། གྲུབ་པའི་དབང་ཕྱུག་གཅུང་རིན་པོ་ཆེ་སྐུ་ལྟེམ་དུ་སོང་བར་སྐུ་རིམ་དང་འཕྲོད་བསྟེན་ཞུ་བ་སོགས་ལེ་ཤོར་མེད་པའི་བྲེལ་གཡེང་མུར། ཕོ་བྲང་ཆེན་པོར་བཅར་ཏེ་མཇལ་ཁ་དང་གསུང་བརྟག་ཞུས་པར་འཕྲལ་གནང་དང༌། བདག་རྐྱེན་གཞན་དང་མི་འདྲ་བ་བཀའ་དྲིན་བསྐྱངས་ཤིང༌། དགོན་གནས་སུ་འབྱོར་འཕྲལ་གཅུང་སྐུ་ཞབས་སུ་ཤོག་གསུང་བ་ལྟར་ཕྱིན་པར་སྐུ་ཤིན་ཏུ་ལྟེམ་པར་འདུག་ཅིང་གནས་ཚུལ་དྲི་བའི་