[A:༡༩༨] མར་མེ་མཛད་ལ་རྫོགས་པའི་སངས་རྒྱས་ཀྱི་འཕེལ་གདུང༌། ཆོས་འཕགས་ཀྱི་ཚེམས་ཀྱི་དུམ་བུ། ཐམས་ཅད་མཁྱེན་པ་ས་སྐྱ་པཎྜི་ཏའི་སྣམ་སྦྱར། བུ་སྟོན་རིན་པོ་ཆེའི་སྣམ་སྦྱར་གླེགས་བུ་གཅིག་མ། མཁྱེན་རབ་རྗེའི་གདུང་ཚྭ་རིང་བསྲེལ་མ། ཇོ་བོ་སྨྲྀ་ཏིའི་སྒོམ་དབྱུག །མཁྱེན་རབ་རྗེའི་སྐུ་གཟན། གོང་མ་ཆོས་ཀྱི་སྤྱན་ལྡན་གྱི་ཚེམས་རིང་བསྲེལ་གྱིས་སྤྲས་པ་དང༌། སྐུ་རུས་ལས་ཨ་བྱོན་པ། རྗེ་དབོན་རིན་པོ་ཆེའི་ཚེམས་དང༌། སྐུ་འགག །སྨྲྀ་ཏིའི་ཕྱག་ཚཱ། རྒྱལ་བ་བྱམས་པ་རྫོགས་པའི་སངས་རྒྱས་ཀྱི་འཕེལ་གདུང༌། ཇོ་བོའི་ཞབས་འཆགས། འཕགས་པ་རིན་པོ་ཆེའི་སྣམ་སྦྱར་རྡོ་རྗེའི་ཟབ་ལམ་མ། ངོར་ཆེན་གྱི་ཞུན་ཐིགས་རིང་བསྲེལ། སྨྲྀ་ཏིའི་ཕྱག་ཚཱ། འཇམ་དབྱངས་ཆོས་རྗེའི་སྐུ་ཆོས་སྔོན་མོ་ཆུ་གཅོད་མ་ཡོངས་གྲགས། གོང་མ་ཆོས་ཀྱི་སྤྱན་ལྡན་གྱི་རིང་བསྲེལ། ཚེམས། སྐུ་གཟན། རྗེ་དབོན་རིན་པོ་ཆེའི་དབུ་ལོ་བུབས་དང༌། སྐུ་བེར། རྟེན་གཙོ་གསུམ་དང༌། འཕགས་པའི་གནས་བརྟན་བཅུ་དྲུག །དྷརྨ་ཏ་ལ། རྒྱལ་པོ་ཧ་ཤང་དང་བཅས་ཚང་མར་བྱང་ཆུབ་སེམས་དཔའ་སྐྱེ་བ་བདུན་པའི་སྐུ་ཤ །སྐུ་མཚལ། གོང་མ་རིན་པོ་ཆེའི་རིང་བསྲེལ་རེ། རྒྱ་བོད་ཀྱི་མཁས་གྲུབ་དུ་མའི་དབུ་ལོ། །ན་བཟའ། གདུང་རུས། ཤངས་མཚལ། དམ་རྫས་ཀྱི་རིགས་མང་བ། གཙུག་ཏོར་ནས་པད་གཟུངས་ཀྱི་བར་གྱི་གཟུངས་ལོ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་ཞུ་དག་མཛད་པ་ཆ་ཚང་ཡོངས་རྫོགས་ཚར་གསུམ་རེ། འདི་ཁར་ཡོད་པའི་གཟུངས་མང་བ། གཞན་ཡང་སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་མང་བ། གཙོ་བོ་དུས་གསུམ་སངས་རྒྱས་ལ་སོ་སོར་མདོ་སྡེ་བསྐལ་བཟང་རེ་དང༌། བརྒྱད་སྟོང་གཉིས་གསེར་པོད་རེ།