R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༠༠
[A:༢༠༠]མཁྱེན་རབ་ཆོས་ཀྱི་རྒྱལ་པོ། །གོང་མ་རྡོ་རྗེ་འཆང་གཉིས་ལ་སོ་སོའི་འཁྲུངས་རབས་ཀྱིས་བསྐོར་བ། གསུམ་པར་ཡོན་བདག་གི་ཚུལ་དུ་ངེད་རང་ཐོད་དུ་འཇམ་དབྱངས་ཆོས་རྗེ་ནས་དབོན་གྱི་བར་དང༌། ཚེ་དཔག་མེད། སྨན་བླ། ཛཾ་ལ་དཀར་པོ། སེར་པོ་དང༌། ནོར་རྒྱུན་མ། མཆེད་ཟླ་སོགས་ཡོན་བདག་དང༌། རྒྱལ་སྲིད་སྣ་བདུན། ཀ་གླིང་འོག་མར་འཁོར་ལོ་བདེ་མཆོག །དམར་མོ་སྐོར་གསུམ། ཛམྦྷ་ལ་དམར་པོ་དང༌། ནག་པོ། ལྔ་པར་གསང་འདུས་འཇམ་དཔལ་རྡོ་རྗེ། རྣམ་རྒྱལ་མ། སོར་འབྲང་མ། སྒྲོལ་དཀར། སྒྲོལ་མ་སྔོན་མོ། དབྱངས་ཅན་མ། ཡར་གཟིགས་ཀྱི་ཀ་གླིང་དང་པོར་བསྟན་སྲུང་རྒྱ་མཚོའི་དེད་དཔོན་གུར་གྱི་མགོན་པོ་ལྷ་མགོན་བཅུ་གཉིས། རུ་འདྲེན། སྤྲུལ་པའི་ཕོ་ཉ་དང་བཅས་པ་ཚྭར་ལུགས། གཉིས་པར་སྟོབས་འཕྲོག་དབང་པོ་བྲམ་ཟེའི་གཟུགས་ཅན། ཡུམ་ཆེན་བཞི། དུར་བདག་ཡབ་ཡུམ་བྲན་བདུད་བཅས་པ། གསུམ་པར་འདོད་ཁམས་གཙོ་མོ་རབ་བརྟན་མ་གཙོ་འཁོར་བདུན། ལས་བཞིའི་ལྷ་ཚོགས་དང་བཅས་པ། བཞི་པར་གོས་སྔོན་ཅན། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། རྟ་བདག་བརྒྱད། ཞང་བློན་ཆེན་པོ། སྟག་ཟླ་མིང་སྲིང༌། གནོད་སྦྱིན་གཞན་གྱིས་མི་ཐུབ་པ་དང་བཅས་པ། ཀ་སྤུངས་ཀྱི་སྒོ་འགྲམ་གཡས་གཡོན་དུ་ཕྱག་རྡོར། རྟ་མགྲིན། ཁྲོ་བོ་སྨེ་བརྩེགས་དང༌། ལོ་མ་གྱོན་མ། རྒྱལ་ཆེན་སྡེ་བཞི། སྡོམ་བརྩོམ་དམ་པ་དང་བཅས་པ། མཚལ། སྤང༌། མཐིང་སོགས་ཕོན་ཆེ་བ་དང༌། གསེར་རིས་སུ་གསེར་བཏུལ་མ་ཞོ་བཅུ་གསུམ་དང་སེ་བ་བརྒྱད། ཤིང་རྩེར་གསེར་ཤོག་སྟོང་བམ་བཅུ་གསུམ། ཀ་བ་བཅུ་དྲུག་གི་