[A:༢༠༥]རང་ཚོགས་དབུར་ཕྱིན་ཏེ་ཚོགས་ཆེན་ལ་ཉིན་གསུམ་གྱི་རིང་ཞབས་ཏོག་དང་ཡོན་རྒྱས་པ། ཐོན་ཐོན་གྱི་རིང་དཔོན་སློབ་མང་ཙམ་གྱིས་ཀུན་རིག་གི་སྒྲུབ་མཆོད་སོགས་བཀོད་པ་ལྟར་མཛད། ཟླ་མཆོད་རྣམས་ལ་དགོན་བསྡུས་མ་གྲུབ་པ་ཚོས་ཆོ་ག་དང༌། ལོ་མཆོད་ཀྱང་ཚོགས་ཆེན་ལ་ཞུ་བ་སོགས་བཀོད་པ་ལྟར་མཛད་སོང༌། དམིགས་ཡུལ་རྣམས་ཀྱིས་གཙོས་རིག་དྲུག་མཐའ་དག་ལ་དམིགས་པའི་དགེ་བ་རྫོགས་བྱང་དུ་བསྔོས། ཕོ་བྲང་ཆེན་པོར་གོང་ས་ཡས་ཕྱིན་གྱི་མཇལ་ཁ་དང༌། གནས་ཀྱི་དབང་པོར་དགེ་འདུན་རྣམས་ལ་ཆོས་ར་དང༌། རབ་བྱུང་བསྙེན་རྫོགས། དགོན་ལག་སོ་སོར་འགྲོ་བ་སོགས་ལུགས་གཉིས་ཀྱི་བགྱི་བ་རྣམས་སྔར་རྒྱུན་ལྟར་བྱས། ༈ ས་སྤྲེལ་ལོར་རྣམ་འཇོམས་ཀྱི་བསྙེན་པ་དང་ཚེ་སྒྲུབ་བྱས་པ་གྲོལ་ནས་ཞབས་དྲུང་རིན་པོ་ཆེ་རྩེ་གདོང་ལ་ཡུམ་གཤེགས་པའི་སྟབས་གཙང་དུ་ཆིབས་ཁ་བསྒྱུར། ངེད་རང་ལས་ཚན་དང་བཅས་པས་ཆིབས་སྐྱེལ་ཞུས། ནཱ་ལེནྡྲར་འབྱོར་ནས་ཚོགས་ཆེན་ལ་ལམ་འབྲས་ཀྱི་ཁྲིད། ལུང༌། དབང༌། བྱིན་རླབས་རྒྱས་པ་དང༌། ཁམས་སུ་འབྱོན་མི་རྣམས་ལ་རབ་བྱུང་བསྙེན་རྫོགས། འདོད་སྦྱར་གྱི་ཆོས་དང་བདག་རྐྱེན་བཅས་བརྫངས། ས་སྐྱོང་དེ་ཉིད་ཞིང་གཞན་དུ་གཤེགས་པས་དགོངས་རྫོགས་སུ་གོས་དར། དངུལ་སྒ་སོགས་དཔངས་མཐོ་ཙམ་སྩལ་འཕྲལ་ཕོ་བྲང་དུ་མཇལ་ཁར་ཕྱིན་སྐབས་སྡེ་པ་མཆོད་དཔོན་སྐུ་ཞབས་སུ། སྔ་སོར་རྩེ་གདོང་ནས་བདག་ཚོར་གནང་བའི་རྣ་མོ་དགོན་བར་སྐབས་སུ་གཞུང་ས་ནས་རྭ་སྒྲེང་དགོན་གོང་མར་སྐུ་ཚེའི་རིང་བཞུགས་གནས་སུ་གནང༌། བདག་ཚོར་ཚབ་ཅིག་བཀའ་དྲིན་བསྐྱང་རྩིས་ལ་ཁོང་གྲོངས་པས་སླར་ཞུས་ནས་ཇི་ལྟར་ལགས་ཀྱི་བསླབ་སྟོན་