[A:༢༠༧]རང་དང༌། གཞན་མ་ལས་བྱེད་ཁ་ཤས་བཅས་ཀྱིས་ཁུར་བླངས་ཏེ། མི་ལག་དྲུག་ཅུ་སྐོར་ལ་ཇ་ཐུག་རྒྱུན་གཏོང་དང༌། སླར་ཇ་རང་སྤྲད་དེ་ཟླ་ཤས་རོགས་ལེགས་པར་བསྒྲུབས་ཤིང༌། གྲུབ་བསྟུན་རི་མོ་བའི་དབུ་མཛད་བསམ་འགྲུབ་སྒང་པ་བཅས་བཅུ་སྐོར་ལ་ཕོག་ཤིན་ཏུ་བཟང་བ་བསྒྲུབས་ཏེ་ལྡེབས་བྲིས་སུ་དབུས་སུ་ཀུན་མཁྱེན་རོང་སྟོན་པ། བཀྲ་ཤིས་རྣམ་རྒྱལ། བིརྺ་པ། སངས་རྒྱས་འཕེལ། འཇམ་དབྱངས་ཆོས་རྗེ། ས་སྐྱ་པ་ཆེན་པོ་སོགས་གོང་མ་ལྔ། རྒྱན་དྲུག །མཆོག་གཉིས། ཁྲི་ཆེན་ཀུན་དགའ་བསོད་ནམས། རྩེ་གདོང་གི་ཞལ་ངོ་རྣམས་དང༌། མཁྱེན་རབ་རྗེ་སོགས་ངེད་རང་གི་ཞལ་ངོ༌། །ཤཱཀྱའི་རྒྱལ་པོ་སོགས་སངས་རྒྱས། འཇམ་དབྱངས་སོགས་བྱང་སེམས། སློབ་དཔོན་ཆེན་པོ། །ལོ་མ་གྱོན་མ་སོགས་ཡི་དམ་དང༌། གུར་ཞལ་སོགས་ཆོས་སྐྱོང༌། ཛཾ་ལྷ་སོགས་ནོར་ལྷ། ཨ་ལི་ཆོས་རྗེ་སོགས་ཡོན་བདག་དང་བཅས་དངོས་ཤིན་ཏུ་གཙང་བར་བསྒྲུབས། གྲུབ་བསྟུན་ངེད་རང་དང་འདུས་ཚོགས་བཅས་པས་རབ་གནས་ཤིག་ཏུ་རྒྱས་པར་བྱས་ཉིན་སྤྲུལ་པའི་ཆོས་སྐྱོང་ཆེན་པོ་ཆེ་ཆུང་ཀྱང་ཁོག་ཏུ་ཞུགས་ནས་ཐུགས་དགྱེས་པའི་རྣམ་འགྱུར་ཤིན་ཏུ་མང་བར་བསྟན། རི་མོ་བ་རྣམས་ལ་ཡོན་སོགས་ཀྱང་ངེད་རང་གི་ངག་བཀོད་ལྟར་བསྒྲུབས་ཏེ་དགའ་སྟོན་རྒྱས་པར་བྱས་སོང༌། ལོ་འདི་ནང་གོང་ས་ཆེན་པོས་ཁྲལ་མེད་ཀྱི་བཀའ་ཤོག་བཀའ་དྲིན་བསྐྱངས་པ་ཟ་ངམ་རྫོང་བཞུགས་ཀྱི་སེམས་ལ་མ་རན་པས་ཞོལ་དུ་ཞལ་ངོ་རྒྱལ་པོར་ཞུ་ལོགས་ཕུལ་བར་བརྟེན་བཀའ་ཤོག་རིན་པོ་ཆེ་སྤྱན་འབེབས་ཞུས་སྐབས་ཁྱེད་ཚོར་འདི་རིགས་བབས་འབྲེལ་མི་འདུག་གསུང་ཡར་བཞེས་པས། གོང་ས་ཆེན་པོའི་སྐུ་ཞབས་སུ་སྙན་