R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༢༠༨
[A:༢༠༨]འབུལ་ཞུ་ཁྱད་ལྷ་སར་ཕྱིན། མཆོད་དཔོན་ཆེན་མོ་འབྲས་སྤུངས་སུ་ཕེབ་གཤིས་རིགས་གྲྭའི་མཇལ་ཁ་དང་བསྟུན་དགའ་ལྡན་ཕོ་བྲང་དུ་ཕྱིན་པར་བསུ་བར་ཕེབ། མགྲོན་ཁང་དུ་སྐྱིལ་ཙམ་གྱིས་སློབ་དཔོན་གནང་བ་བཞིན་བསྡད་སྐབས་ཕེབ་ནས་དྲི་བ་ཞིག་ཏུ་གནང༌། སྙན་འབུལ་ཚང་མ་ཞིབ་ཞུས་དང༌། གོང་དུ་སྙན་ལྷོན་གནང་དགོས་ཚུལ་ཞུས་པས། ཁྱེད་རང་དཔོན་སློབ་གུ་གུ་དང་གནས་གཟིགས་གྲུབ་ནས་ཕོ་བྲང་དུ་བཅར་ནས་དབུ་མཛད་ཆེན་མོར་རིམ་གྱིས་ཞུས་ན་ལེགས་པར་འདུག་གསུང་སྤུ་ཇ་སྦགས་ཤིག་བཅས་གནང་སྦྱིན་སྩལ། བསླབ་སྟོན་ཕེབ་པ་བཞིན་བྱས། དབུ་མཛད་ལགས་བརྒྱུད་ཞུ་དོན་གྱི་སྙན་ལྷོན་ཞིབ་པར་ཞུས་སྐབས་མཆོད་དཔོན་ཆེན་མོའང་འབྲས་སྤུངས་ནས་ཕེབ། གོང་ས་ཆེན་པོ་ནས་ཁྱེད་རང་དཔོན་སློབ་ཚོར་འདི་ཁ་བསྟན་པའང་བསླབ་སྟོན་ཕེབ་ནས། མཆོད་གཞིས་ཐེམ་བཞི་བཅུ་སྐོར་ལ་རྐང་བཅོ་ལྔ་བསྒྲུབས་པས་འཐུས་པའི་གཏན་ཚིགས་ཤིན་ཏུ་བཙན་པ་ཞིག་བཀའ་དྲིན་བསྐྱངས་པ་ནི་ཐོག་མ་ནས་གུས་ཞེན་ཆེ་བ་ཞིག་ཡིན་པ་དང༌། ཕྲན་བུ་རང་ཡང་གསང་སྔགས་ཀྱི་འཆད་ཉན་གྱིས་ཞབས་ཕྱིར་འགྱུར་བས་སུ་དགོངས་པའི་བརྩེ་གཟིགས་བཀའ་དྲིན་བསྐྱངས་པས། ངེད་རང་ཆོས་གཞིས་ཕྲན་བུ་རྣམས་དང་བཅས་པ་ངན་འགྲོ་ལས་ཐར་པ་ལྟ་བུའི་ཐུགས་རྗེ་ཤིན་ཏུ་ཆེ་བར་གྱུར། རྒྱུན་གྱི་དབང་པོའི་ཆོས་གྲྭར་འབྱོར་ནས་ཁམས་སོག་གི་འབུལ་སྐྱེལ་བ་ཕྱིར་ལོག་མི་རྫོང་བདའ་དང༌། རབ་བྱུང་བསྙེན་རྫོགས་ཁ་ཤས་བསྒྲུབས། སྐྱེད་ཚལ་མཁན་ཤེས་རབ་རིན་ཆེན་རྫོང་ཤར་ནས་གཞན་དོན་ལ་གཤེགས་སྐབས་ངོས་ཀྱིས་ཐུགས་དམ་གསལ་འདེབས་སུ་ཕྱིན། སྐུ་ཆས་རྣམས་ཆུད་མི་ཟོས་པར་རྒྱུན་གྱི་དབང་པོ་དང་སྐྱེད་ཚལ་