R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༢༦
[A:༤༢༦]པས་བློ་བདེ་ཞེས་ཕེབ་པ་དག་ཞིང་དུ་དགོངས་པ་གཏད་པའི་བསླབ་སྟོན་དུ་འདུག །ཞག་གསུམ་སོང་ནས་འདི་ལོ་ན་ནིང་བཀོད་པ་བྱས་པ་ལྟར། ས་ཕུག་གི་མཁར་ལས་གྲུབ་པ་རང་འགབ་འདུག་པས་འཕྲལ་དུ་ཕྱིན་ན་ལེགས་ཚུལ་གྱི་བསླབ་སྟོན་ནན་ཆེ་བར་ཕེབ་བྱུང་བར། བཀའ་དང་ལེན་གྱིས་ངེད་དཔོན་སློབ་རགས་བསྡུས་ཀྱིས་ས་ཕུག་ཏུ་ཕྱིན་ནས། ལས་ཁ་ཚར་ཆེ་ཞིང་ཞག་ཉི་ཤུ་སྐོར་ནས་གྲུབ་པར་ཉེ་སྐབས་འགྲོ་བ་སྤྱི་དང༌། ཁྱད་པར་བདག་སོགས་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་ར་བ་ཞིག་ཏུ་ཉེ་བས་སྔར་གྱི་བསྙུངས་རོ་བཞེས་ཚུལ་གྱིས་བསླབ་སྟོན་ཕྱག་བྲིས་མ་ཞིག་ངེད་གཉའ་གོང་དུ་མཆོད་དབུར་ཡོད་པར་ཕེབ་པས། འདི་ལོ་ལྟས་སོགས་གང་སྤྱི་ནས་བློས་འཁྱུད་པ་ཞིག་མི་འདུག་གཤིས། ལས་འཕྲོ་བཅད་དེ་སྐུ་ཞབས་སུ་བཅར་རམ། ལས་མཇུག་ཞག་ཤས་ཀྱིས་ཚར་བར་ཡོད་པའི་འཕྲོ་མཐུད་ན་འགབ་སོགས་ཞུ་བ་དང་བསྙུན་བབས་ལ་བལྟ་བ་བཅས་མགྲོན་གཉེར་རབ་འཕེལ་བཏང་བར་བཀའ་ལེན་དུ། ལས་འཕྲོ་བཞག་ཤན་འདྲ་བས་ཟིན་འཕྲལ་ཤོག་ཅེས་ཕེབ་ཀྱང༌། བློས་མ་འཁྱུད་པར་ཚོགས་ཁང་དགའ་སྟོན་ཙམ་གྱི་ལས་མཇུག་ཞག་གཉིས་གསུམ་ནས་བསྡུས་ཏེ། ཟླ་ཚེས་ཉིན་ཉི་ཤར་ལ་བླ་བྲང་ལ་སླེབས་པས། དེ་འཕྲལ་སྐུ་ཞབས་སུ་ཤོག་ཕེབ་པ་ལྟར་བཅར་སྐབས། སྔོན་ནས་བསྙུང་བ་དང་ཡེ་མི་འདྲ་བའི་བསྙུང་བབས་ལྗི་ལ། ཐུགས་ཀྱང་ཅུང་ཟད་འགྱུར་བ་ལྟ་བུ་ཞིག་འདུག་པས་བློ་ཡུལ་མ་བདེའང་བསླབ་སྟོན་གྱི་བཀའ་ལན་བག་ཕེབ་ཀྱིས་ཞུས་པར་ཅུང་ཟད་སོང་སྐབས། ད་ལམ་སྔོན་མ་ལས་ཁམས་དྭངས་ཤིང་སེམས་ཅུང་ཟད་བདེ་རུ་སོང་བ་ཁྱོད་འཁྲིས་སུ་ཡོད་པས་ཡིན་ཚུལ་ཕེབ་པ། དམ་པ་