R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༢༧
[A:༤༢༧]འདི་ངེད་ལ་སྐྱེ་བ་ཐམས་ཅད་དུ་གཟིགས་པ་གཞན་ལས་ལྷག་པ་ཞིག་ཡིན་གཤིས། ཐུགས་ཡུལ་གཏད་པའི་རྟེན་འབྲེལ་ཙམ་དུ་གནང༌། འདི་ཉིན་ནས་བཟུང་བླ་མ་ཕྱག་མཛོད་ལ་གྲོས་བསྡུར་གྱིས་ཚོགས་ཆེན་ལ་བཀའ་འགྱུར་གཙང་སྒྲོགས་དང༌། བན་ཚང་པས་དཔལ་ལྡན་ལྷ་མོ་གཙོར་གྱུར་གྱི་བསྐང་བ་བརྒྱ་ཚར་ཤིན་ཏུ་མང་བ། དགོན་ཁག་ཏུ་མང་ཇའི་ཐོག་ཞབས་བརྟན་ཕོན་ཆེ་བ་དང༌། སྔགས་པས་མདོས་རིགས་སོགས་སྐུ་རིམ་གྱི་རིམ་པ་དང༌། ཉན་པོ་ནས་གྲུབ་པའི་དབང་ཕྱུག་ཆོས་རྗེ་རིན་པོ་ཆེ་དང༌། དཔོན་ཚང་གཅེས་གཅེས་ལགས་གཉིས་ངེད་མ་འབྱོར་གོང་ནས་སྤྱན་འདྲེན་གནང་འདུག་པ་བཞིན་བཀའ་དབང༌། གསོལ་སྨན་གྱི་འཕྲོད་བསྟེན། སྐུའི་སྙུན་གཡོག་མགྲོན་གཉེར་བསོད་ནམས་རིན་ཆེན་དང་ངེད་གཉིས་ཀྱིས་རྐང་མ་ཞུས་ཤིང༌། གཞན་ཡང་བླ་མ་ཕྱག་མཛོད། དགེ་སློང་གྲགས་པ། གསོལ་དཔོན་བསྟན་འཛིན་རབ་བརྟན། ཆོས་རྗེ་བསྟན་འཛིན་ནོར་བུ་སོགས་སྐུ་འཁྲིས་སུ་བཅར་བ་རྣམས་ཀྱིས་གང་འཚམས་སུ་ཞུས་པར། ཟླ་ཚེས་སྐོར་ནས་ཅུང་ཟད་དྭངས་སྐྱེད་བྱུང་ཀྱང༌། འཚོ་མཛད་ནས་འདི་ལོ་བསྙུན་འབོར་ལྕི་ལ་ཕྱག་རྩ་ཆབ་བརྟག་སོགས་ལེགས་རྒྱུ་མི་འདུག་པས་ངེད་རང་སྤུན་གྱིས་གསོལ་སྨན་སོགས་མ་ཤེས་ཕར་བཞག་ལོས་ཞུའང༌། སྦྱིན་པ་ལག་ལེན་གྱི་ཁྱད་བཅས་ལྷ་རྗེ་གཞན་ཞིག་འབོད་པ་གནང་ན་འགབ་ཚུལ་ནན་གྱིས་ཞུ་བ་གནང་སོང་བར། ངེད་རང་ད་བར་སྡོད་པ་ཁྱེད་རང་རྣམ་པའི་སྐུ་དྲིན་ཡིན་གཤིས། ལྷ་རྗེ་སྤོས་ཀྱང་ཕན་པ་འོང་བའི་ངེས་པ་མེད་ཅེས་ཞལ་གྱིས་བཞེས་མ་སོང་ཀྱང༌། འཚོ་མཛད་གཅེས་གཅེས་ནས་ནན་གྱིས་ཞུ་བ་མཛད་སོང་བར་གསུང་ངོ་མ་