R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༥༠
[A:༥༥༠]སྤྱོད་མའི་བྱིན་རླབས་དང་ཁྲིད་སྤུངས་ཀྱང་བྱས། རྩེར་ཞག་ཉི་ཤུ་རྩ་ལྔ་བསྡད། དེ་ནས་སྡེ་པ་དྭངས་བསྐྱེད་ཆེ་ངེས་བྱུང་བས་ངེད་འབྲས་སྤུངས་སུ་མ་སྤོས་བར་སྡོད་དགོས་ཚུལ་གནང་བ་ལྟར་ཚེས་བཅུ་དགུའི་ཐོ་རེངས་སྔ་བར་ནས་ཐོན་པ་གནང༌། བཀྲ་ཤིས་ཁང་གསར་དུ་ནམ་མ་ལངས་གོང་དུ་ཕེབ། སྐུ་ཁམས་ཀྱང་ཤིན་ཏུ་བདེ་མུས་བྱུང་བར་སང་ཉིན་བསྡད། དེ་སྐབས་ངེད་རང་ཡ་མ་ཤིན་ཏུ་ན་བ་བྱུང་བས་མི་འོང་ཁ་མེད་ནས་དགོངས་པ་ནན་གྱིས་ཞུས། ཧུ་ཇ་འཁོར་དྲུག །གོས་དར། གསེར་དངུལ་སོགས་གནང་སྦྱིན་དཔག་མེད་སྩལ། དན་འབགས་ནས་ཀོ་གཞུང་ལ་འོང༌། འཛོམ་འཕྲང་དུ་གུང་ཚིགས་བྱས། ལུམ་པའི་རྒྱབ་ཏུ་སྲོད་འཁོར་ལ་ཆོད་ཙམ་བྱུང༌། མཉན་པའང་རྒྱུས་མེད་པ་བཅས་ལྕང་གསེབ་ཀྱི་རྒྱབ་འདམ་ཁྲོད་དུ་སྔོ་ཕུང་ཞིག་གི་སྟེང་དུ་སྟན་དམར་བཏིང་ནས་བསྡད་པར་ཞོགས་པ་བལྟས་པས་ཚེར་མའི་ཕུང་པོ་ཡིན་འདུག །མཚན་ཡལ་ཆར་པ་བབས། ཁ་ཏོན་མ་ཆགས་ཙམ་ལས་བཟའ་བཏུང་གི་སྤྲོ་བསྡུ་ནི་ཅིའང་མ་བྱུང༌། མཉན་པ་ནི་ཆས་དང་མཉམ་དུ་ཀོ་བ་ཁ་སྦུབ་པའི་འོག་དང༌། སྡེ་པས་མར་ལམ་བསིལ་གྲིབ་ལ་གནང་བའི་ཤོག་གདུགས་ཆེ་བ་ཞིག་ཡོད་པ་ཕུལ། བློ་ལྡན་ངེད་རང་གི་འཁྲིས་སུ་ཉལ་སོང་བ་ཆར་པས་མ་སྦངས་ཙམ་བྱུང༌། སོང་ཞོགས་རབ་བརྟན་ནས་ནུ་བོ་དང་བློ་གསལ་བཅས་བྱུང་བས་མདངས་སྐུ་བསྙེལ་པོ་བྱུང་ཡོད་ཅེས་ཤིན་ཏུ་བློ་མ་བདེ་བར་བྱེད། དེ་ནས་རང་གནས་སུ་སླེབས། འཕྲོད་བསྟེན་མུ་མཐུད་བྱས། ལྷག་པར་ནུ་བོས་མགོ་བཤལ་ཞིག་བྱས་བས་འཕྲོད་ངོ་ཆེ་བར་བྱུང༌། འདི་ལོ་བླ་བྲང་རང་ནས་སྤྱི་པའི་ཁུར་ལེན་བྱེད་དགོས་བྱུང་ཞིང་ཆུ་ཤིན་ཏུ་ཆེ་བའི་