R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༥༢
[A:༥༥༢]གུང་ཚིགས་གྲོལ་ནས་ཀྱང་བཀྲ་ཤིས་ཁ་དར་གྱི་ཚོམ་ཆེན་དུ་དགེ་སློང་པདྨ་དབང་འདུས་ལགས། དགེ་སློང་ཀླུ་སྒྲུབ་ལགས། དབུ་ཆོས་སྒྲེས་པ་བརྒྱ་སྐོར་ལ། སློབ་དཔོན་ཨ་བྷཱ་ཡ་ཀ་རའི་བཞེད་སྲོལ་སྒྲུབ་ཐབས་རྒྱ་མཚོ་རྗེས་གནང་བརྒྱ་དང་བཞི་བཅུ་ཞེ་གཉིས། ཐོ་ཡིག་རིན་ཆེན་སྒྲོན་མེའི་ལུང་བཅས་དང༌། སྒྲུབ་ཐབས་བརྒྱ་རྩ་རྗེས་གནང་བདུན་ཅུ་དོན་དགུ་པོད་གཞུང་གི་ལུང་བཅས། བཀའ་གདམས་ལྷ་བཞིའི་རྗེས་གནང་ལུང་བཅས། ཕྱག་རྡོར། འབྱུང་འདུལ། རྣམ་རྒྱལ་འཇོམས། གསེར་ཆོས་སེང་གེ་སྒྲ། སེང་གདོང་ནག་པོ། འཇམ་དཔལ་ནག་པོ་སོགས་ཀྱི་རྗེས་གནང་ལུང་བཅས། ཛ་བྷིར་གྱི་ཁྲིད་ལུང་བཅས། རྒྱལ་སྲས་ཐོགས་མེད་པའི་ཡི་གེའི་སྟེང་ནས་དབུ་མ་ལུགས་ཀྱི་སེམས་བསྐྱེད་སོགས་ཞག་ལྔ་སྐོར་ལ་ཕུལ། ནུབ་མོ་དང་གུང་སང་སོགས་སུ་དགེ་སློང་ཨོ་ལོ་སོགས་ལ་རྒྱལ་སྲས་བཀའ་འབུམ་གྱི་ལུང༌། ཨེམ་ཕྱི་རིན་རྒྱན་སོགས་ལ་ཞང་བློན་གྱི་རྗེས་གནང་ལུང་བཅས་ཕུལ་ཞིང༌། ཁྱོན་འབྲས་སྤུངས་སུ་ཞག་ཉི་ཤུ་རྩ་བདུན་འགོར། སྡེ་པའི་སྐུ་ཞབས་ནས་བླ་གོས། མཐོང་གོས། སྟོད་འགག །རྔུལ་གཟན་སོགས་རུང་མཐུན་གྱི་གོས་ཆ་ཚང༌། གསེར་དངུལ། ཇ་གོས། དར་སོགས་དཔག་མེད། གྲྭ་པ་སྤྱི་སྒེར་ཐམས་ཅད་ནས་དངུལ་སོགས་ཕོན་ཆེ་བ། གསེར། ཇ། གོས་ཆེན། སྟོད་འགག །ཁ་བཏགས་སྤུས་ལེགས་སོགས་བསམ་གྱིས་མི་ཁྱབ་པ་བྱུང༌། ཆིབས་ར་སྟེང་དུ་ཀླུ་དབང་ལགས། དགེ་སློང་འཇམ་དབྱངས་ལགས། པདྨ་རྒྱ་མཚོ་སོགས་ལ་རྣལ་འབྱོར་མའི་བྱིན་རླབས་དང་ཤར་ཁྲིད། འཇམ་དཀར་གྱི་རྗེས་གནང་བཅས་