R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༥༥
[A:༥༥༥]ཁྲིད། ཆོས་ཉིད་དངོས་སྟོན་གྱི་བྱིན་རླབས། རྩ་དབུ་མའི་ཉམས་ཁྲིད་སྨིན་པ། གུར་ལྷ་བརྒྱད་དང་གྲི་གུག་ལྷ་ལྷའི་དབང་རས་བྲིས་ལ་བརྟེན་པ། རྡོ་རྗེ་བྲག་རྫོང་མའི་ཕྱི་ནང་གསང་བའི་ཁྲིད་སྨིན་རྒྱས། གོང་སྟེང་དུ་རྒྱུད་སྨད་པའི་གྲྭ་པ་བརྒྱད། ཆོས་འཁོར་གནས་པ་བཅུ་བཅས་པར་བདེ་མཆོག་ལཱུ་དྲིལ་གཉིས་རས་བྲིས་ལ་བརྟེན་པའི་དབང༌། བདེ་མཆོག་སྔགས་བཏུའི་བྱིན་རླབས། ཆོས་འཁོར་གནས་པ་རབ་འབྱམས་ཀུན་དགའ་བསམ་གཏན་སོགས་ལ་དྲིལ་བུ་རིམ་ལྔའི་དབང་བྱིན་རླབས་ཁྲིད་དང་བཅས་པ། སྡེ་དགེ་བ་གཉིས་ལ་མི་འཁྲུགས་པ་ལྷ་དགུ། ཚེ་དཔག་མེད་ལྷ་དགུ །ཀུན་རིགས་སོགས་ཀྱང་བྱས། ལྕགས་ཟམ་དུ་མཆོག་གི་སྤྲུལ་པའི་སྐུ་ཅུང་ཟད་སྐུ་ལྟེམ་པར་རྐྱེན་སེལ་འདྲ་འབུལ་བ་སོགས་ལ་ཕྱིན། ཞག་ལྔ་ནས་འཁོར། ངེད་རང་ནུ་བོ་གསོ་རིག་ཕུལ་ཕྱིན་ཤེས་པ་དེའང་ནད་གཅོང་དམ་པོས་ཟིན། དབང་བྱིན་རླབས་བཀའ་བསྒོ་སོགས་གང་དྲག་བགྱིས་མོད་ཀྱང་ཅིས་ཀྱང་མ་ཕན་པར་དུས་ཀྱི་ཆོས་ཉིད་དུ་གྱུར། སྲེག་ཆོག་མ་གཏོགས་ཐམས་ཅད་ངེད་རང་གིས་བགྱིས། སྟོན་གསང་ཕུ་མཆོད་ཁང་པ་བློ་བཟང་ལགས་ཕེབ་པར་བྲག་རྫོང་མའི་ཁྲིད། ཁྲོ་བཅུའི་རྗེས་གནང་སྨིན་པ་རྒྱབ་རྟེན་ལུང་བཅས་ཕུལ་ཞིང༌། དེ་ཁའི་མཇུག་ཐོག་ཏུ་ཚུལ་ཁང་བླ་མ་ཚུལ་ཁྲིམས་ཕུན་ཚོགས་ལའང་བྲག་རྫོང་མའི་ཁྲིད་རྒྱས་པར་བྱས། ཁའུ་བྲ་རྫོང་པའི་ཕྱག་བཞེས་འཁྲུལ་མེད། རུ་མཚོན་རྣམས་གསར་བཟོས་ཆོ་ག་རྒྱས་པར་བསྟར། འཕྲོད་བསྟེན་དུ་སྒ་འདྲ་ཆུ་ཚན་ལ་ཕྱིན། དེ་ནས་ཟླ་བ་