R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༥༨
[A:༥༥༨]དབང༌། རྟ་མགྲིན་ཡང་གསང་གི་དབང༌། རྟ་པོད་སོགས་ཡོངས་རྫོགས་ཀྱི་ལུང་བཅས་ཕུལ། འདི་ལོ་བཀའ་ངག་རབ་ལགས་ཀྱང་ཕེབ། ཚུར་ཇོ་བོའི་ཆོས་འབྱུང་བརྒྱ་རྩའི་ལུང་ཞུས། བཀའ་འགྱུར་བ་ལགས་སོགས་ལ་མ་ཎི་བཀའ་འབུམ་གྱི་ལུང་ཕུལ། དབོན་དྲུང༌། དགེ་སློང་ལགས་བཅས་པར་ཁྲིད་བརྒྱའི་ལུང་ཁྲིད། ཞེན་པ་བཞི་བྲལ་གྱི་ཉམས་ཁྲིད་དང༌། གཞན་རྣམས་ལ་བཤད་པ་ཕུལ། འཇིགས་བྱེད་ཀྱི་རྭ་ཁྲིད་ཀྱང་བསྐྱེད་རིམ་ཡན་ཆད་སོང༌། ངག་དབང་ལེགས་བཤད་སོགས་ལ་མ་གཅིག་གི་གཅོད་ཁྲིད་ཀྱང་སྨིན་པར་བྱས། འདི་ལོ་རང་ལོའི་སྐེག་གི་སྐུ་རིམ་དུ་ཚོགས་སུ་ཚེ་ཆོག་རྒྱས་པ། དེ་དང་རྗེས་འབྲེལ་འཆི་བསླུ། གྲྭ་དམངས་རྣམས་ནས་སྒྲོལ་དཀར་ལ་བརྟེན་པའི་བརྟན་བཞུགས། ཚན་གྲངས་ཟབ་པ་བཅས་སྟེར་བར་མཛད། སྤོང་འཐག་ཏུ་རུང་མཐུན་གྱི་གོས་ཆ་ཚང༌། རྟ་ན་གཞོན་སྒ་བཅས་ཆ་འགྲིགས། ཚན་གྲངས་རྒྱས་པ། སྙན་དར། བསྔོ་རྟེན་བཟང་བ་བཅས་ཕུལ། བརྒྱ་བཞི་དང་བསྐང་གསོ་བརྒྱ་ཚར། བརྒྱ་མཆོད་སོགས་གང་འབུངས་ཞུས། ཆོག་མང་སྦྱིན་སྲེག་སོགས་སྔར་འཁྱུད་ལྟར་བྱས། ཆོག་མང་གྲོལ་ནས་རང་གནས་སུ་འབྱོར་པས་སངས་རྒྱས་རྒྱ་མཚོ་ཅན་ལ་དཔལ་མགོན་གྱི་གསང་ཁྲིད་སྨིན་པ་དང༌། ཞལ་པོད་ཕྱི་ནང་ཡོངས་རྫོགས། ཁ་སྐོང་པུ་སྟིའི་ལུང་སོགས་མང་བར་བྱས། ས་གའི་ཚེས་བཅོ་ལྔ་ལ་རྡོ་རྗེ་བྲག་ཏུ་གནམ་གླིང་སྤྲུལ་སྐུ་བསྙེན་རྫོགས་བཞེས་པའི་ལས་སློབ་ཏུ་ཕྱིན། རྗེ་བླ་མར་ལམ་དབང་ཕུལ། རྗེ་ཉིད་ཀྱི་ཡིག་ཆའི་སྟེང་ནས་གུར་ལྷ་བརྒྱད་ཀྱི་དབང་ཞུས། འཕྲེང་