R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༥༧
[A:༥༥༧]ཀྱང་ངེད་རང་ནས་དེ་འདྲ་གཏན་ནས་མི་འགབ་ཚུལ་ཞུས་པས། བློ་ལྡན་གྱིས་རམ་བཏེག་ནས་ཞུས་སོང་བར་དེ་གར་གསན་མི་གནང་བར་ཐག་ཆོད། དེ་གའི་སང་ཉིན་ནས་ཐོག་མར་གོང་ཞབས་ཡས་ཕྱིན་ལྗགས་བསྔོ་རྟེན་དཔངས་མཐོ་བ་སོགས་བསྒྲིགས། གསང་བརྟོལ། ཉེར་བཞིར་གདུང་རིན་པོ་ཆེ་ཞུགས་ལ་ཞེན་པ་དང༌། ར་བ་སྨད་གྲྭ་ཚང་སྟོང་རྩར་འཕྲལ་དུ་ཕེབ་པ་དང༌། གདུང་ཆོག་པ་བརྒྱད་སྙན་གསན་ཕུལ་བར་ཉེར་གསུམ་ལ་ཕེབ། བློ་གསལ་ཡང་དེ་ཉིན་འབྱོར་པས་འདི་ག་ནས་གྲྭ་ཚང་ལ་མང་ཇ། གདུང་འབུལ། སྙན་དར་གྱ་ནོམ་པ་ཕུལ། ཞག་གསུམ་པར་གཞན་ཕན་བདུད་རྩིའི་དགོངས་པ་ལྟར་ཀྱེ་རྡོ་རྗེའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་བདུན་ཚིགས་ཀྱི་ཆོ་ག་རྒྱས་པར་ཕུལ། དེ་ནས་ཉེར་བཞིའི་སྲོད་ལ་ངེད་རང་ཟླ་བོ་གཉིས་བཅས་པས་གདུང་ཡིད་བཞིན་ནོར་བུ་དགྱེས་མཛད་རྡོ་རྗེ་དང་ཐ་མི་དད་པར་ཞི་བའི་བསྲེག་བླུགས་རྒྱས་པར་ཕུལ། ཞག་གསུམ་གྱི་བར་གདུང་ཁང་ལ་རྒྱས་འདེབས་ལ་སོགས་ཕྱག་ལེན་ལྟར་བགྱིས། ཞག་གསུམ་ཐོག་ཞལ་ཕྱེ་ནས་རུས་བུ་སྒྲུབ་པ་སོགས་ཀྱི་བར་སྦྱོར་དངོས་རྗེས་གཙང་ཞུས། ན་བཟའ་ཆ་ཚང༌། ཆིབས་པ་ལེགས་པ། སྟག་སྒམ་ཆ། སྟག་འབོག་གསར་པ་ཆ་སོགས་ཕུན་སུམ་ཚོགས་པ་གནང༌། དེ་ནས་རྨོར་དུ་ཞག་བཞི་བསྡད། སླར་ཡར་ཀླུངས་སུ་ཕྱིན། དབོན་རིན་པོ་ཆེ། དགེ་སློང་ཚུལ་ཁྲིམས་རྒྱ་མཚོ། རི་བདེའི་གྲྭ་པ་ཁ་ཤས། ལི་ཐང་པ་ངག་དབང་ལེགས་བཤད། ཆོས་སྡེ་རང་གི་གྲྭ་བགྲེས་ཕལ་ཆེར། ཆོས་མཛད་ཀུན་དགའ་ཆོས་ཉིད་སོགས་དོན་གཉེར་རྣམས་ལ་གསང་བ་འདུས་པའི་དམར་ཁྲིད། གཤེད་དམར་ལྷ་ལྔའི་