[A:༥༦༡] འདི་ལོ་དྲིན་ཅན་བླ་མ་དམ་པ་རྣསས་ལ་ཟབ་པ་དང་རྒྱ་ཆེའི་དམ་ཆོས་ཀྱི་བཀའ་དྲིན་ནོས་པའི་ཐོབ་ཡིག་འབྲི་བའི་མགོ་རྨོར་ནས་ཚུགས་པ་ཀུན་དགའ་བསམ་འགྲུབ་ཀྱིས་ཡར་ཀླུངས་སུ་རྫོགས་པར་གྲུབ། གཏོར་ཟློག་དང་སྐུ་མཆོད་ཆེན་པོའི་རྡོ་རྗེ་སློབ་དཔོན་དུ་ཕྱིན། རང་ལོ་རེ་གཉིས་པ་ཤིང་ལུགས་ཟླ་བ་དང་པོའི་ཚེས་ནས་རྒྱལ་དྭགས་པོ་གྲྭ་ཚང་གི་དཔོན་སློབ་ངག་དབང་དོན་གྲུབ་དཔོན་སློབ་གསུམ། འཕྱོང་རྒྱས་རི་བོ་བདེ་ཆེན་པ་ད་ལྟ་མདོ་མཁར་ཆོས་སྡེའི་བླ་མ་ཀློང་ཡངས་སོགས་ལྔ་བཅུ་སྐོར། ལེན་མཁར་བླ་མ་སོགས་དར་རྒྱས་གླིང་པ་བཅུ་གསུམ། ཇོ་བསྟན་ཚོགས་ཀྱི་བླ་མ་དབུ་མཛད་རབ་འབྱམས་པ་མཁས་བཙུན་སོགས་བཅོ་ལྔ། རི་བོ་ཆོས་གླིང་པ་ལྔ་བཅུ་སྐོར། ཆོས་ལམ་རིམ་པ་གསུམ། རྟ་ཝང་དཔོན་སློབ་སོགས་རྩེས་ཐང་ལྔ་མཆོད་པ་བདུན། རྒྱལ་སར་སྒང་བ་ལྔ། གཡའ་བཟང་པ་གསུམ། སྐུ་ཞབས་གྲྭ་ཚང་ནས་དགེ་སློང་ཀླུ་སྒྲུབ་ལགས། རིན་ཆེན་ཟླ་བ། དགེ་སློང་ཚུལ་ཁྲིམས་རྒྱ་མཚོ་སོགས་དང༌། སྣེ་གདོང་བན་ཚང་པ་གསུམ། བསམ་ཡས་རབ་བྱུང་བ་བསམ་གཏན་དཔལ་བཟང་སོགས་གསུམ། ལྕགས་ཟམ་པ་བསྟན་འཛིན་བཟང་པོ། །ཤིང་མང་བ་བཀའ་བཅུ་ཀུན་དགའ་བསམ་འགྲུབ། རྗེ་དཔོན་རིན་པོ་ཆེ་སོགས་གཉུག་མར་གནས་པ་ཡོངས་རྫོགས། ཕོ་བྲང་རྫོངས་བཞུགས་སྡེ་པ་རྟར་མདོ་པ་དཔོན་གཡོག །གེ་རེ་སྡེ་པ་རྣམ་རྒྱལ་སོགས་སྐྱ་སེར་ལྔ་བརྒྱ་ཉེར་བར་པཎ་གྲུབ་ཆེན་པོ་ཨ་བྷཱ་ཡ་ཀ་རའི་བཞེད་སྲོལ་རྡོ་རྗེ་ཕྲེང་བ་དང༌། དརྤན་ཨ་ཙཱརྱའི་བཞེད་སྲོལ་ཀྲྀ་ལ་ས་མུཉྩ་བརྒྱུད་པའི་ཆུ་བོ་གཅིག་འདྲེས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་