[A:༥༦༨]གཤིས་ཅིས་ཀྱང་ཞུ་དགོས་བསླབ་དོན་ནན་ཆེས་པ་དང༌། སྡེ་པ་བཀའ་བློན་བུ་ཆུང་ལགས་དང༌། གཞན་ཡང་ཁེ་དར་སོགས་ཀྱིས་ཀྱང་ཞུ་དགོས་ཨུ་ཚུགས་གནང་བར་ལྷ་སར་ཕྱིན། ཞུ་རྟེན་གོང་སྨོས་སྡེ་པ་རྣམས་དང༌། སྡེ་པ་ལུམ་པ་ནས། ལྷག་པར་སྡེ་པ་ཟུར་ཁང་པ་སྐུ་མཆེད་ནས་ཐུགས་ཁུར་ཆེ་བཞེས་ཀྱི་བསྡུ་བ་གནང་ནས་དར་ཁ་གང་དང་དངུལ་ཞོ་གང་གི་ཞུ་རྟེན་ཡང་མ་དགོས། སྒྲུབ་མཆོད་དང་ཕྱག་ལེན་དགོངས་ཆེ་ཚུལ་གྱི་ཞུ་ཚིག་ཐེམ་པ་འབུལ་བ་གནང་ཞིང༌། མགྲོན་གཉེར་སྐྱིད་སྦུགས་ནས་ཀྱིས་གནང༌། ཚར་ཆེན་ཡབ་སྲས་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ལས་རྒྱལ་པོའང་ཐུགས་ཡིད་ཆེས་ཤིང་བཀའ་འདྲི་གནང་བའང་ལན་ཕུལ་བས་ཐུགས་ལ་འཐད་པ་བྱུང༌། ལན་བཞིའི་བར་འབོད་པ་གནང་བས་ཐུགས་མཉེས་པར་གྱུར་ནས། དཱ་བྱིན་ལའང་དེ་ཁའི་བསེད་བཀྲོལ་གནང༌། བཀའ་ཤོག་ཀྱང་ས་བོན་འབུལ་མ་དགོས་པར་གཙང་རྒྱག་གནང་ནས་སྣེ་གདོང་རྫོང་ནས་འཕྲལ་རང་དུ་སྤྲོད་དགོས་པའི་རྒྱ་མ་གནང་ཞིང༌། དེ་མཐུན། དཱ་བྱིན་རང་ནས་ཀྱང་སྣེ་གདོང་རྫོང་དཔོན་ལ་དོ་ཁུར་དགོས་ཚུལ་གྱི་ཕྱག་ཐམ་གནང༌། ལྷ་སར་འདོད་ཡོན་ནི་བསམ་མི་ཁྱབ་པ་བྱུང༌། འདི་སྐབས་དགའ་རབ་དབང་ཕྱུག་གི་རྗེས་འབྲང་ཁ་ཅིག་ནས། དེང་སང་གི་དུས་རྒྱལ་བུའི་དྲུང་དང་དཱ་བྱིན་གཉིས་དབྱེར་མེད་ཡིན་པས་གཡུལ་ངོ་མི་ལྡོག་ཅེས་གནང་མི་བྱུང་འདུག་ཀྱང་འཕྲལ་དུ་ལྡོག་འཕྲལ། བློ་གསལ་བློ་ལྡན་གཉིས་ཀྱིས་བཀའ་ཤོག་སྒྲོགས་སར་ཕྱིན། སྣེ་གདོང་རྫོང་དཔོན་རྟ་ར་མདོ་ནས་ཀྱིས་ཚོགས་སུ་སྒྲོགས་པ་གནང་བས་གཉན་ཡོད་མཆོད་པའི་སྟོན་པ་དྲུག་ལྟར་གྱུར། དེ་ནས་ངེད་རང་གི་རྩིས་ལེན་སར་ཕྱིན་པས་ཡུལ་མི་རྣམས་ཀྱང་དགའ་སྤྲོ་ཐོབ་ཅིང་ཐམས་