R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༧༣
[A:༥༧༣]ཞིང༌། སྡེ་པ་ལུམ་པ་ནས་ལ་ཚེ་རྟ་བརྒྱ་རྩ་ཕུལ། སྔ་སོར་ལྷ་སར་སླེབས་གདོང་བཅོ་བརྒྱད་རྗེ་དབོན་རིན་པོ་ཆེ་དང་མཇལ། གསུང་གླེང་བག་ཕེབ་པ་བྱུང་ཞིང་སང་ཉིན་ནས་ཉིན་རེ་བཞིན་མཇལ་དགོས་འདུག་གནང་བྱུང་ཀྱང་ངེད་སོག་པོས་གཙེས་པས་མཇལ་མ་ཐུབ། དེ་ནས་རང་གནས་རྨོར་དུ་འབྱོར། ཡས་མས་ཐམས་ཅད་ནས་འཕྲད་མི་ཤིན་ཏུ་མང་བར་བྱུང༌། དེ་ནས་ཡར་ཀླུངས་སུ་བཏེག །ར་བ་སྨད་དུ་ཇ་སྟིར་དང་ཁ་བཅས་གྲྭ་པ་བགྲེས་གཞོན་ཕལ་ཆེར་གྱིས་བྱུང༌། སང་ནུབ་ཆོས་འཁོར་གནས་སུ་བསྡད། ལེགས་སོ་གནང་མི་ཤིན་ཏུ་མང་བ་དང༌། ཚོང་འདུས་སུ་ནང་སོ་མཇལ་དཔལ་གྱི་ནང་དུ་བསྡད། གྲྭ་པ་ཕལ་ཆེར་ཕེབ། བགྲེས་པ་རྣམས་སྤྱན་ཆབ་ཀྱང་གནང༌། བཀའ་ཕུན་ཚོགས་གྲགས་པ་སོགས་སྒྲུབ་སྡེ་བའང་མང་བར་ཕེབ། ཤིན་ཏུ་དགྱེས་པའི་ལེགས་སོ་གནང་མི་མང་པོ་བྱུང༌། དེ་ནས་བྱ་སར་ཞག་གཅིག་བསྡད་ནས་ཆོས་སྡེར་སླེབ། སེར་སྦྲེང་ཆིབས་བསུ་སོགས་མི་འགབ་ཞུས་ཏེ་རེ་ཞིག་པར་སྟིར་ཇ་སོགས་གནང༌། འདུ་ཁང་དུ་སྤྱི་ཚོགས་ནས་སྒྲོལ་དཀར་ལ་བརྟེན་པའི་བརྟན་བཞུགས་སྟོན་མོ་གོས་བེར་སོགས་འབུལ་བ་ཟབ་རྒྱས་དང༌། ཤིང་མང་དཔོན་སློབ་དམ་ཆོས་ཀུན་བཟང་གྲྭ་པ་གཉིས་བཅས་ལེགས་སོ་རྒྱས་པ། སྤྱི་སོ་ནས་དགེ་སློང་ནམ་མཁའ་རྒྱལ་མཚན་ལ་དྲིན་གཟོར་སྟོན་མོའི་ཐོག་གོས་ཆེན་གྱི་སྣམ་སྦྱར་གཅིག་ཕུལ་སོང༌། ད་ཆ་ཐོག་མར་རྨེ་རུ་བའི་ལག་ནས་དགོན་པ་བླངས། འདི་ལོ་སྲོག་དང་བདོས་པས་དགོན་པ་ཉེན་དང་བྲལ་བར་བྱས་པས། བསྟན་པར་བྱ་བའང་དེ་ཙམ་ཡིན། དགོངས་ཁྲོལ་ཞུས་པར་རེ་ཞིག་འཁུར་ལེན་