[A:༥༨༢]ཕྱིན་ནས་ཁྲོ་ཕུར་ཞག་གསུམ་བསྡད། ངེད་བློ་གསལ། ཆོས་གྲགས། ཆོས་མཛད་བཅས་ཀྱིས་ཀྱེ་རྡོར་ལ་བརྟེན་པའི་རབ་གནས་ཉིན་གང་མ་རྒྱས་པར་བྱས། སྡེ་པ་ཡབ་སྲས་སྟེང་ཞལ་ཐམས་ཅད་ལ་ཚེ་དབང་བརྒྱ་ཚར། སྐྱེད་ཚལ་འོག་གི་དཔོན་སློབ་བཅས་ལ་གུར་ལྷ་བརྒྱད་ཀྱི་རྗེས་གནང་བྱས། མར་ལམ་ལྕགས་ཟམ་ལ་འོང༌། ཞག་གཅིག་བསྡད་ནས་ཀོ་གཞུང་བཅས་རང་གནས་སུ་འབྱོར། འཕྲོད་བསྟེན་ལ་སྒ་འདྲ་ཆུ་ཚན་ལ་ཕྱིན། ཚུར་ལམ་ཆོས་འཁོར་གནས་དཔོན་སློབ་བསྟན་འཛིན་དཔལ་བཟང་དང༌། རབ་འབྱམས་པ་ཀུན་དགའ་སྨོན་ལམ་བཅས་དཔལ་སྒང་དུ་ཕེབ་ནས། སང་ཉིན་དགོན་པར་ཅིས་ཀྱང་འོང་དགོས་གནང་བ་ལྟར་ཁས་ལེན་ཞུས། སང་ཉིན་ཕྱིན། གྲྭ་སློབ་ཐམས་ཅད་རྒྱ་སྒོ་འགག་ཏུ་བསུ་བར་ཕེབ། ཤར་མར་བླ་བྲང་དུ་ཕྱིན། གསོལ་འདྲེན་ཞབས་ཏོག་ཕུན་སུམ་ཚོགས་པར་འདུག །རབ་འབྱམས་པ་ཡར་འཕེལ་སོགས་སློབ་བུ་རྣམས་ཀྱིས་བསྙེན་བཀུར་དཔག་མེད་བསྒྲིགས་པ་གནང༌། གྲྭ་པའང་ཕལ་ཆེར་གྱིས་མཇལ་དར་ཇ་སྟིར་བསྣམས་ནས་ཕེབ། ལྕེ་ཞོལ་བའང་འཕྲད་མི་མང་བར་བྱུང༌། ཕྱི་དྲོ་ཆོས་གྲར་ཚོགས་གུར་གྱི་ཐོག་ཕུབ་པའི་སྐྱ་སེར་ཤིན་ཏུ་མང་བར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བྱས། སང་ཞོགས་ཚོགས་སུ་མང་ཇ་བསྔོ་རྟེན་སྣེ་གཞག་ཞུས་ནས་ར་བ་སྨད་པའི་གྲྭ་ཚང་གསང་ཕུར་དབྱར་ཆོས་ལ་ཕེབ་གཤིས་ཤར་མར་གྲུ་དོན་འོང་པས་དགོན་པར་ཆོས་རྗེ་བློ་བཟང་དོན་གྲུབ་ཀྱང་ཕེབ་འདུག །ཆོས་རྗེ་ལགས་ལ་གསེར་བཏུལ་དང་དངུལ་བཏུལ་ཚན་ཤིན་ཏུ་ཆེ་བར་འདུག་པས་ཚོགས་གསོག་གནང་བཞེད་ལ་གང་འགབ་བཀའ་འདྲི་གནང་འདུག་པ། དེ་ལྟར་ན་གནས་ཆེན་རྣམས་དང་ཁྱད་པར་ཞབས་ཏོག་