[A:༥༨༡]རྒྱས་པར་ཕུལ། ཚོགས་དབུར་ཕྱིན་ནས་བྱང་ཆོག་རྒྱས་པར་ཕུལ། ན་བཟའ་ཆ་ཚང་སོགས་ཉེར་སྤྱད་ཐམས་ཅད་རང་གནས་སུ་འབྱོར། ཡང་འབྲོག་མིག་པའི་སྡེ་པ་དཔོན་གཡོག་ལ་ནཱ་རོ་མཁའ་སྤྱོད་མའི་ཁྲིད་སོགས་བྱས། ལོ་བསྟར་གྱི་སེར་ཚོགས་སྔར་རྒྱུན་ལྟར་རྒྱས་པར་ཞུས། དེ་ནས་ལྕགས་བྱི་རང་ལོ་རེ་བདུན་པའི་ཟླ་བ་བརྒྱད་པར་ར་བ་སྨད་ནས་རབ་འབྱམས་པ་ངག་དབང་ཚེ་བརྟན། རབ་འབྱམས་པ་ཀུན་གསལ་རྣམ་རྒྱལ། བཀའ་དཔལ་ལྡན་ཕྲིན་ལས། ལྕགས་ཟམ་པ་བློ་གསལ་ཕྲིན་ལས་དང་ཀུན་གསལ། སྡེ་པ་ཟུར་ཁང་པའི་ཆོས་མཛད་མ་གཉིས་སོགས་ལ་ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་ཁྲིད་བཅས་རྒྱས་པར་བྱས། ཟླ་བ་གསུམ་པར་བཀའ་བཅུ་བྱམས་པ་བསྟན་འཛིན་དང༌། བཀའ་བཅུ་ཀུན་དགའ་རབ་བརྟན་གཉིས་འབྱོར་པས་དེ་གོང་ནས་སེམས་ལ་བསམས་ཀྱང་བར་སྐབས་སུ་དུས་ཀྱི་སྟབས་མ་གྲུབ་པར་འདི་ལོ་བཀའ་བཅུ་ཀུན་དགའ་རབ་བརྟན་གྱིས་ཕྱག་བྲིས་གནང་བའི་རྗེ་བཙུན་གོང་མ་ལྔ། ཚར་ཆེན་རྡོ་རྗེ་འཆང༌། དྲིན་ཅན་བཅོ་བརྒྱད་པ་ཆེན་པོ་རྣམས་ཀྱི་གཙོར་བྱས་པའི་ཐང་སྐུ་བདུན་ལ་གསུང་ངག་ཉེ་བརྒྱུད། ནཱ་རོ་མཁའ་སྤྱོད། གུར་ཞལ་ཐམས་ཅད་ཀྱི་བརྒྱུད་པ་ཚང་བ། གསེར་ཆོས་ཀྱི་ཡི་དམ་ཐམས་ཅད་དང༌། གུར། བྲམ་གཟུགས། རྡོ་རྗེ་རབ་བརྟན་མ། བེག་ཙེ། རྣམ་སྲས་སོགས་ལྷ་མགྲོན་ལ་ཚང་བའི་གཟབས་བྲིས་གནང༌། བཀའ་བཅུ་བྱམས་པ་བསྟན་འཛིན་གྱིས་བརྒྱད་སྟོང་པ་བརྒྱ་རྩ་དང༌། འབུམ་སོགས་སྒྲོགས་པ་གནང༌། སྡེ་པ་ཁྲུས་ཕུ་ནས་ཀྱིས་བཀའ་འགྱུར་དང༌། གནས་བཅུའི་ཞལ་ཐང་གི་རབ་གནས་ལ་འོང་དགོས་ཚུལ་ཕེབ་པ་ལྟར་ཕྱིན། ཡར་ལམ་ལྕགས་ཟམ་དུ་