R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༨༤
[A:༥༨༤]ཞབས་དྲུང་རིན་པོ་ཆེའང་ཕེབ་པར་ཕལ་ཆེར་ལ་འོང་བ་ཡོད། ངེད་རང་གི་ཐོབ་ཡིག་པུསྟིའི་ལུང་སོགས་ཀྱང་ཕུལ། ཁོང་དཔོན་སློབ་གཉིས་ནས་འཆད་ཉན་ཀྱང་གནང་ཐུབ་པ་ཡོང་གཤིས་སེམས་སྤྲོ་བར་བྱུང༌། ཟླ་བ་ལྔ་པ་ནས་མགོ་བརྩམས་དཔུང་འཇུག་གི་མགོ་ཚུགས། མི་རྣམས་གཡེང་བ་ཆེ་བའི་ངང་དུ་གྱུར། ཐོག་མར་སྦྱོང་གར་པ་རྣམས་ཀྱིས་དམག་དོ་དམ་པར་བསྐུལ་བའི་ཟིར་ལོང་ཆེ་བར་བྱུང་ཀྱང་འདི་ལོ་བྱས་པ་དོན་ལྡན་གྱི་སྐྱབས་མགོན་རྒྱལ་དབང་མཆོག་ཆེན་པོ་ཆིབས་ཁ་བསྒྱུར་བའི་སྒོ་དོད་པས་མི་རྣམས་ཁག་སྤྱོད་ལ་ཇི་མི་སྙམ་པར་གྱུར། དེ་ནས་རིམ་གྱིས་ཇེ་གསལ་ཇེ་གསལ་དུ་གྱུར། ཀོང་པོ་སྡེ་པ་སྒ་ཆགས་པ་གཤེགས་པའི་བསྔོ་བྱང་རྟེན་དངུལ་སྲང་ཉི་ཤུ་རྩ་དྲུག །ཧུ་ཇ་འཁོར་དྲུག །མར་ལྟང་ཤིན་ཏུ་ཆེ་བ། གོས་རྒྱན་བཞིའི་སྐུ་སྟོད་སོགས་སྟོབས་ཆེ་བ་འབྱོར་བར་བྱང་ཆོག་བསྔོ་སྨོན་སོགས་རྒྱས་པར་ཞུས། དེ་ནས་ཟླ་བ་བརྒྱད་པའི་མཇུག་ནས་ཀོང་དམག་གི་བྱར་དྭགས་ལྷུམ་རྩེ་སོགས་རིམ་གྱིས་བླངས། བྱང་འདམ་དུ་སྦྱོང་གར་པ་སྦྲང་མ་མེ་འོད་ལ་མ་ཆགས་པ་ལྟར་རྒྱང་རིང་དུ་བྲོས། དགུ་པའི་ནང་དུ་རྒྱ་ནག་གི་དམག་དཔོན་གཙང་ཇུན་དང༌། ཏཱ་ལོ་ཡེ་སོགས་མལ་གྲོ་བརྒྱུད་ལྷ་སའི་ལྕགས་གྲོང་དུ་འབྱོར་ཞིང༌། རྩེའི་གཟིམས་ཆུང་ཕྱག་མཛོད་ཐམས་ཅད་དུ་རྒྱ་ཡིག་གིས་མནན། མི་སྲུན་པའི་གཙོ་བོ་བདུན་ཕ་རོལ་གྱི་གཟིགས་མོར་བཏང༌། ཟླ་བ་དེ་ཀའི་ཚེས་བཅོ་ལྔ་ལ་སྲིད་ཞིའི་གཙུག་རྒྱན་ལྷར་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་རྒྱལ་དབང་ཕྱག་ན་པད་དཀར་འཛིན་པ་སྐལ་བཟང་རྒྱ་མཚོའི་སྡེ་ཆེན་པོ་གྲུ་འཛིན་ཕོ་བྲང་ཆེན་པོའི་སེང་གེའི་ཁྲི་ལ་ཞབས་སེན་པདྨོ་རྣམ་པར་བཀོད་པའི་རྟེན་འབྲེལ་ཞལ་དཀར་ཐོག་མ་གཞོལ། མངར་འོག་གནང་བའི་གྲྭ་བསྒྲིག་ལ་བློ་གསལ་གྱིས་ཕྱིན་པའི་རྟེན་འབྲེལ་གྱི་སྒོ་འཕར་དང་པོ་འགྲིགས། བོད་ཁམས་སྐྱིད་པའི་ཉི་མ་ཤར་བའི་