R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༨༥
[A:༥༨༥]སྐབས་སོ། །སྨྲས་པ། ཁ་བ་རི་བའི་བསོད་ནམས་ཕུང་པོའི་རྡུལ། །གཅིག་ཏུ་སྤུངས་པའི་ལེགས་བྱས་སྐྱ་རེངས་ཀྱིས། །སྐལ་བཟང་དཔྱིད་ཀྱི་ནོར་འཛིན་ཀུན་ཁྱབ་པ། །རྒྱ་མཚོའི་མཐར་ཐུག་འགྲོ་རྣམས་རྩེ་དགར་རོལ། །ཨ་ཧོ་འདི་འདྲའི་དགའ་བ་ཐོབ་པ་འདི། །ཡང་ན་མེས་པོས་ཆེད་དུ་བྱས་པའམ། །འོན་ཏེ་སྒྱུ་མ་རྨི་ལམ་ལྟ་ཞིག་སྙམ། །ཐ་མལ་བློ་འདི་འཁྱོག་ལ་འཕྱང་མོ་ཉུག །དེ་ལྟ་ན་ཡང་གྲུ་འཛིན་བདག་པོ་ཡིས། །རང་ཞིང་བསྐྱང་ཕྱིར་སྣ་ཚོགས་སྒྱུ་ཐབས་ཀྱིས། །མ་རུངས་སྐྲོད་པའི་མཛད་བཟང་འཕྲུལ་མོ་ཆེར། །ཚངས་པའི་འཇིག་རྟེན་མན་ཆད་གཟིགས་མོར་གཡེང༌། །དེ་ནས་ཟླ་བ་བཅུ་པར་ཞལ་མཇལ་ཕྱག་དབང་ལ་ཕྱིན། ཐོག་མར་མཆོད་དཔོན་འཇམ་དབྱངས་ལྷ་དབང་སྐུ་མཆེད་རང་སློབ་ཏུ་སོང་གཤིས་བློ་གསལ་སྐུ་ཞབས་ལ་བཏང་བས་སང་ཉིན་མཇལ་ཁ་ཞུ་བའི་རོགས་རམ་གནང་དགོས་པའི་ཞུ་སམ་འབུལ་བར་བཏང་བས་ཤིན་ཏུ་དགྱེས་པས་ཐོག་མར་མཆོད་དཔོན་ཤག་རང་དུ་ཤོག་གནང་ལྟར་ཕྱིན། སྐུ་མཆེད་གཉིས་ཆར་ནས་མཇལ་དར་གཏོང་བ་གནང༌། གདན་བཟོས་དཔག་མེད་དང༌། མཇལ་ཁ་ཤིན་ཏུ་འགོལ་བ་ཞིག་བྱེད་དགོས་གནང་བར་གོང་ཆོས་པའི་ཞབས་བརྟན་དང་འགྲིགས། རྣམ་ཐར་རྒྱ་ཆེན་གྱི་ཕྱག་དཔེ་གསེར་པོད་འགོངས་ཆེ་བ་སོགས་ཕྱག་མཇལ་གྱ་ནོམ་པ་དང་བཅས་མཇལ་བས་ཤིན་ཏུ་དགྱེས་པའི་ཞལ་འཛུམ་ལྷག་པར་སྩལ། མཆོད་དཔོན་སྐུ་མཆེད་ནས་ད་དུང་ཐེངས་ཅིག་མཇལ་ན་འོང་ཕེབ་ལྟར། སླར་འདི་ཁར་འོང་དགོས་རྒྱུ་མཚན་ཕུལ། དེ་ནུབ་པུ་ཏྲག་དཔོན་སློབ་སྡེ་པ་དྲུང་ཡིག་ནས་སེ་རར་ཤོག་གནང་ལྟར་ཕྱིན། དགོངས་ཇ་བུུ་རམ་སོགས་རྒྱས་པ་དང༌། སང་ཉིན་