[A:༥༨༩]དང་མཐུན་པའི་རྗེས་གནང་རིགས་དང་ལུང་ཡང་མང་བར་ཕུལ། གངས་ཅན་མཁན་ཟུར་ལ་རྣལ་འབྱོར་མའི་བེའུ་བུམ་ནས་ལུང་མང་བ་དང་རྗེས་གནང་ཁ་ཤས་སོགས་སོང༌། འོང་གདོང་ཤ་ཟབ་པར་ཞུས་ཤིང༌། དངུལ་ལྔ་བཅུ་པ། གོས་ཡུག །གསེར་སྲང་དོ་སོགས་ཕུལ། ལོ་ཙཱ་བ་དེས་ལོངས་ནས་གཏམ་བཤད་མང་དུ་བཏང། སྦོ་ཤོག་ཐུ་སྟེང་ཞལ་ལ་རྒྱུན་དུ་ཞལ་འདོན་མཛད་རྒྱུ་ངེད་རང་གི་མིང་སྒྲ་ཡོད་པ་དགོས་གསུང་པ་ལྟར་ཕུལ། དད་མོས་ཆེ་བར་མཛད། གྲུ་ཁར་ཐུག །སོག་པོ་ཞིག་བཏང༌། སྔ་མ་ལོག་འོང་དུས་ནོ་མོ་ཁང་སྡེ་པ་དཔོན་གཡོག་གྲུ་ཁར་ཐུག་ཕེབ། ཁ་བཏགས་འདོམ་དོ་ཡོད་པ་ཞིག་ངེད་རང་གི་མདུན་རྒྱབ་ཏུ་སྐོར། སླར་མཇལ་བའི་རྟེན་འབྲེལ་ཡིན་གསུང༌། སྤྱན་ཆབ་མང་པོ་མཛད་འདུག །དེ་ནས་མར་ལམ་སྣོན་དུ་འོང༌། ཞལ་ངོ་ཚོར་ཚེ་རྟ་བརྒྱ་རྩ་བྱབ་ཁྲུས་སོགས་ཕུལ་ནས་རང་གནས་སུ་སླེབས། སྡེ་པ་རྟ་ར་མདོ་ནས་སྐུ་མཆེད་ཕེབ་པར་རྣལ་འབྱོར་མའི་ཁྲིད་སྐྱོར་བྱས། བསམ་ཡས་རབ་བྱུང་པ་ཀུན་དགའ་ཚུལ་ཁྲིམས་དང་ཀུན་དགའ་ཤེས་རབ་གཉིས་བྱུང་བར་ར་བ་སྨད་དཔོན་སློབ་ཀྱིས་ལས་སློབ་དང་གསང་སྟོན་སྦྲགས། བྱེ་རྫིང་ཚོགས་པ་དགེ་སློང་ངག་དབང་ཚུལ་ཁྲིམས། བཀའ་བཅུ་ཀུན་དགའ་བསྟན་འཕེལ་གྱིས་ཁ་སྐོང་དང་གྲོགས་ལྡན་བྱས་ཏེ་བསྙེན་རྫོགས་བྱས། ལྕགས་གླང་ཟླ་བ་དང་པོ་རང་ལོ་རེ་བརྒྱད་པའི་སྟེང་གདན་ས་ཆེན་པོ་ནས་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་གང་གི་མཇལ་ཕྱག་གྲུབ་ནས་བསམ་ཡས་བརྒྱུད་ལྷོ་ཁ་ཕྱོགས་སུ་ཆིབས་ཁ་བསྒྱུར་བ་ར་བ་སྨད་དུ་ཚེས་དྲུག་ལ་ཕེབ་པའི་སྒོ་དོད། དེ་ཉིན་ལྕགས་ཟམ་