[A:༥༩༢]བ་བཞིན་གསུང་ཆོག་གྲྭ་ཚང་ནས་མང་ཇ་གཉིས་ཐོག་ནས་གནང་བར། ངེད་རང་ནས་སྐུ་རྟེན་བདག་ཉིན་ཆེན་པོ་བཟང་པོ་དཔལ་གྱི་ཞལ་གཟིགས་གྱི་སྒྲོལ་མའི་སྐུ་མཐོ་གང་བ། གསུང་རྟེན་བདག་ཉིད་ཆེན་པོའི་ཕྱག་དཔེ་རྒྱ་ནག་མ་པདྨ་རཱ་ག་དང་མ་རྒད་སོགས་ཀྱི་ཕྲ་ལྡན། བ་སོའི་གླེགས་ཤིང་འགོངས་ཆེ་བ། ཐུགས་རྟེན་གདུང་རྟེན་ལྕགས་རྩེ་མ། མཛོད་བཏགས་འདོམ་འཁོར་མ་བཅས་ཕྱག་ཏུ་ཕུལ། མཛོད་བཏགས། བསོད་བཏགས། རྟགས་བརྒྱད་བཅས་ལེགས་པ་ཉི་ཤུ་རྩ་དགུའི་ཕོན་གྱིས་མགོ་བྱས་པའི་བཅུ་གསུམ་ཚན། རྡོ་རྗེ་གསང་ལམ་དམར་པོ་ལེགས་པས་མགོ་བྱས་པ། སངས་རྒྱས་སོ་ལྔའི་སྐུ་ཐང་གྲྭ་ཚར་སྤུས་ལེགས་བཅོ་ལྔས་མགོ་བྱས་པ། སྦུགས་ཆོལ་རྙིད་མ་ཤུབ་བཅས་ཀྱི་མགོ་བྱས་པ། འདི་ཐམས་ཅད་ལ་དྲིལ་གཏན་ནས་མེད། མཇུག་ཏུ་ཉ་ལྕིབས་ཀྱི་མེ་ཏོག་ཆས་མགོ་བྱས་པ་སོགས་གང་ཡོད་ཐོག་ནས་དངོས་གཙང་བར་ཕུལ། རྨོར་པའི་སྤྱི་སོ་གྲྭ་པ་སོ་སོའི་འབུལ་བ་འོང་ནད་ཁྱག་ཡོད། དེ་མཇུག་ཏུ་རབ་བརྟན་གྱི་བཙུན་མ་རྣམས་ཀྱིས་སྤྱི་འབུལ་དང་སྒེར་འབུལ། བྱང་ཁ་བརྒྱུད་ཀྱི་སྦྱིན་བདག་རྣམས་ཀྱང་མཐུད་པས་བག་དྲོ་བར་བྱུང༌། སྟེང་དུ་སྒེར་མཇལ་ལའང་མཛོད་བཏགས་ཕོན་ཆེ་བ་དང༌། ཡུམ་དྲུང་དང་ཕྱག་མཛོད་ལའང་ཕྱག་མཇལ་ཇ་ནོམ་པ་ཕུལ། ཡར་ཀླུངས་སོགས་ནས་ངེད་ཀྱི་ལག་ཏུ་གནམ་ལྕགས་ཀྱི་རྡོ་རྗེ་ཡོངས་གྲགས་དེ་ཡོད་པ་སྙན་དུ་འབུལ་མི་བྱུང་སྟབས། ཕྱག་མཛོད་ནས་དེ་འདྲ་ཡོད་འདུག་པ་སྤུས་བསྒྱུར་དགོས་ནན་གྱིས་གནང་བྱུང་བར་ཐོག་མར་དེ་འདྲིའི་རེགས་མེད་ཅེས་སྐུ་རྩེད་ཞུས་པར་ནན་བསྐྱེད་གནང་བྱུང་བར། དེ་འདྲ་ཡོད་པ་སྔ་སོར་ནས་འབུལ་རྩིས་