[A:༥༩༦]བཀའ་གཏད། བེག་ཙེ་གཙོ་རྐྱང་གི་བཀའ་གཏད། རྫོང་ཆུང་ཚེ་དབང༌། རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས་སོགས་མང་བར་ཕུལ། རྩེས་དོང་ལྔ་མཆོད་པ་གླིང་སྨད་བཀའ་བཅུ་པ་དང༌། དབུ་མཛད་ནམ་མཁའ་སོགས་ལ་རྣམ་འཇོམས་སོགས་དང༌། སྨེ་བརྩེགས་ཀྱི་རྗེས་གནང༌། གླིང་སྨད་བཀའ་བཅུ་པར་རྣལ་འབྱོར་མའི་བྱིན་རླབས་དང༌། ཤར་ཁྲིད། འབྲས་གླིང་དཔོན་སློབ་དང༌། བཀའ་ངག་བརྟན་སོགས་ལ་རྣལ་འབྱོར་མའི་བྱིན་རླབས་དང་ཤར་ཁྲིད། མར་བླ་མ་ལའང་ཡོད། སྡེ་པ་རྒྱ་ཕྲུག་པ་སོགས་དང༌། ལྔ་མཆོད་འབྲས་གླིང་སོགས་ནས་ཕེབ་མི་ཤིན་ཏུ་མང་བར་བྱུང༌། འདི་ལོ་ཆར་པ་དཀོན་སྟབས་ཆར་འབེབས་དགོས་ཚུལ་གཞིས་བཞུགས་ནས་གསུང་བ་ལྟར་ཆར་རྫས་སྦས་ཀྱང་རྒྱལ་པོའི་བཀག་བྱ་ཆེ་བའི་རླུང་གིས་གཏོར་བ་འབའ་ཞིག་བྱུང་བར། དོ་སྔོན་གྱི་རྩེར་དར་ལྕོག་དམར་པོ་ལེགས་པ་དང༌། གསོལ་མཆོད། གསེར་སྐྱེམས་བཅས་འབུལ་བཅུག །དེ་མཐུན་གཟིམས་སྤྱིལ་ཐོག་ནས་དགེ་སློང་ལགས་ཀྱིས་གསེར་སྐྱེམས་འབུལ་བ་གནང༌། ངེད་རང་ནས་ཀྱང་དམིགས་ཕུག་གི་གཏོར་མ་ཕུལ་བས་དེ་ནུབ་ས་སྲིབས་ནས་ནམ་མ་ལངས་བར་མཚན་ཡལ་ཆར་པ་ཤིན་ཏུ་ཆེ་བར་བབས། མི་ཐམས་ཅད་བདེ་ལ་བཀོད། ཁེ་གསུམ་རྩྭ་རར་དཔལ་ལིའི་སོག་པོ་རྟ་གསོ་བ་འགའ་རེ་ན་བ་ཆིབས་དཔོན་དབང་གྲགས་ཀྱིས་ཁྲིད་ནས་བྱུང་བས་བཀའ་བསྒོ་ཚེ་དབང་བྱས་པས་དྲག་ནས་དགའ་བར་བྱེད་ཀྱིན་འདུག །བཀྲ་ཤིས་ཆོས་སྡེ་ནས་དགེ་སློང་ཀུན་མཁྱེན་རིན་ཆེན་བྱ་མ་རྟར་བྱུང་བས་ཅིས་ཀྱང་འོང་དགོས་ཚུལ་ཟེར་བར་རེ་ཞིག་ཁས་ལེན་མི་བདེ་བྱས་ཀྱང༌། དཔོན་རིན་པོ་ཆེ་རྒྱལ་སྲས་