R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༩༩
[A:༥༩༩]གསུམ་ལ་བཞུགས་པ་ཅུང་ཞིག་ལྟེམ་པར་ཚེ་དབང་བཀའ་བསྒོ་ཕུལ། ཞལ་ངོ་དམངས་ལ་གཟིམས་ཆུང་དུ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་ཕུལ། ཆོས་ཡོན་བླ་གོས་ལུ་ཧང་ལེགས་པ། ཇ་འཁོར་དྲུག །གསེར་སོགས་དཔག་མེད་གནང༌། དེ་ནས་ཚོགས་འདུས་སུ་ཞག་ཏུ་བསྡད། ལུམ་གྲུ་གཏོང་མ་ཐུབ་གཤིས་རྡོར་བྲག་གི་གྲུ་དོན་དེ་ནུབ་སྨད་པའི་ནང་དུ་བསྡད། སང་ཉིན་སྔ་བར་འོངས་པས་གུང་ཚིགས་སྔ་ཕྱོགས་ལ་འབྱོར། འཕྲེང་པོ་དགའ་ལྡན་གླིང་དུ་རྒྱལ་ཆེན་གྱི་གཙང་ཁང་ལ་རབ་གནས་ཞུ་བར་ཕྱིན། གཞི་པ་གྲྭ་ཚང་དུའང་འབོད་པ་གནང༌། བརྟན་བཞུགས་རྒྱས་པར་བྱུང༌། སྡེ་པ་གྲྭ་ཚང་ཐམས་ཅད་ནས་འབུལ་ནོད་བསམ་གྱིས་མི་ཁྱབ་པ་བྱུང༌། བསམ་ཡས་པ་དྲུང་འཚོ་ལགས་ཀྱིས་ཡང་བསྐྱར་དང༌། བཀའ་ཀུན་དགའ་དོན་གྲུབ་ཞེན་ཆེ་ཞིང་ངར་བ་ཡོད་པ་ནས་དྲུང་འཚོ་ལགས་དང་མཉམ་དུ་གསུང་འཕྲོས་བྱས་པས། ད་ལམ་ལམ་འབྲས་སློབ་བཤད་ཅིག་མ་བྱས་པས་དཀའ་ཐེབས་མེད་པས་འོང་དགོས་ཤིང་དུས་ཀྱང་ཟླ་བ་དགུ་པ་རང་ལ། དེ་མིན་ཟླ་བ་བཅུ་པ་ཚུན་ལ་མ་ཚུགས་པས་དཀའ་ཐེབས་མེད་པའི་ཡི་གེ་ནན་ཆེར་བྱུང་ཞིང༌། འདི་ལོ་མལ་གྲོ་བ་རྣམས་ཀྱིས་ཀྱང་འོང་དགོས་ཚུལ་བྱུང་བས་དེ་འཁོར་ནས་གསལ་ལེན་མི་ཐོང་བྱས། སྦུས་སྡེ་ནས་སྡེ་པ་ཁྲོ་ཕུ་ནས་ཀྱིས་འོང་དགོས་ཚུལ་གནང་ལྟར་ཕྱིན། ཡར་ལམ་ལྕགས་ཟམ་དུ་ཞག་གཅིག་བྱས་ནས་སྦུས་སྡེར་ཡབ་སྲས་གསུམ་ཆར་བཞུགས་པར་ཕྱག་རྡོར་འབྱུང་འདུལ། གུར་ཁྲོ་བཅུའི་རྗེས་གནང༌། བྲག་རྫོང་མའི་ཤར་ཁྲིད། ཚེ་རྟ་སོགས་ཕུལ། ཞག་གསུམ་བསྡད་ནས་མར་