R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༠༥
[A:༦༠༥]བརྒྱ་རྩ། དམངས་ལ་ཚེ་དབང་ཕུལ། སྔ་རྟིང་དུ་གོས་ཆེན་གྱི་འགན་སྦྱར། རྒྱན་བཞིའི་གོས་བེར། པང་ཁེབས་སྤུས་གཙང་བ། སྤྱན་རས་གཟིགས་ཀྱི་ལྡེམ་སྐུ་ཛྷཻ་ཀྵིཾ། ཚེ་དཔག་མེད་ཀྱི་གསེར་སྐུ་སོགས་དཔེ་མེད་སྩལ། སང་ཉིན་ཆོས་མཇལ་ཞུས་པའི་ལྷ་ཁང་སོ་སོར་མཆོད་པ་སྣ་ལྔ། དབུ་རྩེར་བརྒྱ་མཆོད། སྙན་ཤལ་སོགས་ཕུལ་ཞིང༌། ལྷ་ཁང་སོ་སོར་སྨོན་ལམ་རྒྱས་པར་བཏབ། སྡེ་པ་ཁྲུས་ཕུ་ནས་དང་རབ་བརྟན་ལགས་གཉིས་ཀྱང་མཆོད་མཇལ་ལ་ཕེབ་ཡོད། རབ་བྱུང་པར་མང་ཇ་འགྱེད་ཟླ་བ་བྱུང་ངོ་ཅོག་གི་གནམ་གང་ལ་དྲིན་ཅན་རྡོ་རྗེ་འཆང་གི་སྐུ་མཆོད་ལ་དམིགས་ནས་དངུལ་སྲང་སུམ་ཅུ་ཕུལ། སྔ་སོར་བཀའ་བློན་ཤག་ནས་གཞུང་སའི་དམར་པོ་སྐོར་གསུམ་གྱི་སྒྲུབ་པ་ལ་འོང་དགོས་ཚུལ་གྱི་བཀའ་རྒྱ་ཕེབ་དོན་ལྟར་འགྲོ་རྩིས་ལ། བཀྲ་ཤིས་བདེ་ལེགས་ནས་སྡེ་པ་གཟིམས་དཔོན་ལགས་སྐུ་ལྟེམ་པའི་འཕྲལ་རང་དུ་འོང་དགོས་པའི་ཚ་ནན་བཅས་ཕེབ་གཤིས་ཚེས་དགུ་ལ་ཐོན་པས་རབ་བྱུང་མཁན་པོ། མཁན་ཚང་དྲུང་རམས་པ། དབུ་ཆོས་གཉེར་པ། དཔོན་སློབ་སངས་རྒྱས་རྒྱལ་མཚན་སོགས་ཀྱིས་ཆིབས་སྐྱེལ་དང༌། གྲྭ་དམངས་ཡོངས་རྫོགས། སྤྱི་སས་ཐབ་བཏེག་པས་ཁམས་གསུམ་ན་ཁ་བསྒྲལ་བའི་མཚམས་སུ་ཕེབ། མཁན་པོ་སོགས་དེ་ནས་ཕྱིར་ཕེབ། དྲུང་འཚོ་ལགས། བཀའ་ཀུན་བཟང་དོན་གྲུབ། བཀྲས་རབ་ལགས། འཇམ་དབྱངས་ཡར་འཕེལ་ལགས། སྤྱི་ས་དྲུང་འཚོ་ཚུལ་བསྟན་སོགས་ཟུར་མཁར་བར་སྐྱེལ་བར་ཕེབ། དེ་ནས་ཁོང་དཔོན་སློབ་ཕྱིར་ཕེབ། ངེད་རང་གིས་ཡར་འོང༌། གཡབ་མོ་བྱུང་བར་རྟ་ཁ་ལན་གསུམ་བསྒྱུར། དེ་