[A:༦༠༩]མེད་དཔལ་སྟེར་གྱི་ཚེ་དབང་རྣམས། གོང་གི་ཆབ་ནག་མཁན་པོ་གསུམ། དགེ་སློང་ཚུལ་ཁྲིམས་རྒྱ་མཚོ་ལགས། སྡེ་དགེ་སངས་རྒྱས་རྒྱ་མཚོ། བཀའ་བཅུ་ཀུན་དགའ་བསམ་འགྲུབ། ངག་དབང་ཆོས་གྲགས་བཅས་ལ་འཇིགས་བྱེད་བཅུ་གསུམ་མའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཚར་ལུགས་ཐུན་མོང་མ་ཡིན་པའི་དབང་བཞི་ཡོངས་སུ་རྫོགས་པ། སེ་ར་བ་གསུམ། ཆོས་དབང༌། ངག་ཆོས་བཅས་ལ་རྭ་ཁྲིད་ཤིན་ཏུ་རྒྱས་པ་བསྐྱེད་རྫོགས་ཚང་བ། ཀྱེ་རྡོར་གྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་བཅས་སོང༌། རྣལ་འབྱོར་མའི་ཁྲིད་ལ་ལྕགས་ཟམ་པ་བསོད་ནམས་རིན་ཆེན་ཀྱང་ཡོད། ཡང་སྐྱོར་མོ་ལུང་མཁན་པོ་ར་ཚར་ཁུ་ཐུག་ཐུ་དགའ་ལྡན་བྱང་རྩེའི་རབ་འབྱམས་པ་བློ་བཟང་རྒྱལ་མཚན་སོགས་དཔོན་གཡོག་བཞི་ཕེབ་པ་འཇིགས་བྱེད་ཀྱི་དབང་ལ་ཡོད་ཅིང༌། ཁོང་དཔོན་སློབ་བཞི། སེ་ར་བ་གསུམ། དགེ་སློང་ལགས། བཀའ་དྲུང་ཡིག །ངག་ཆོས་རྒྱ་མཚོ། ཀུན་དགའ་དབང་ཕྱུག །ཆོས་གྲགས། དཔལ་ལྡན་ལགས་བཅས་པར་ནཻ་གུའི་ཁྲིད་སྨིན་རྒྱས་ཕུལ། དམར་པོ་སྐོར་གསུམ་གྱི་རྗེས་གནང་དཀོན་མཆོག་ལྷུན་གྲུབ་པའི་ཡི་གེའི་སྟེང་དང༌། ཛམ་དམར་སྲོག་སྒྲུབ་ཀྱི་རྗེས་གནང་ལུང་བཅས། རྣམ་རྒྱལ་ལྷ་དགུ །སྨེ་བརྩེགས་ལྗང་ནག་གི་རྗེས་གནང་བཅས་སོང༌། དེ་སྟེང་འབྲས་སྤུངས་པའི་གྲྭ་པ་རབ་འབྱམས་པ་གསུམ་ལ་རྣམ་འཇོམས་ཀྱི་རྗེས་གནང༌། དབྱངས་ཅན་མ་དཀར་དམར། ཡང་དག་གི་རས་དབང༌། བེང་དམར་ནག་གི་རྗེས་གནང་བཅས་སོང༌། ཡང་རྒྱལ་སྲས་སྤྲུལ་