R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༡༣
[A:༦༡༣]བཟོས། ཕྱག་མཚན་རྒྱལ་མཚན་དང་ཁ་བཏགས་ཆེ་བ་བཅས་ལག་ཏུ་གཏོད་པ་གནང༌། མ་གྲོལ་བར་དུ་བཞུགས། དེ་ནུབ་ཡས་མས་ཀྱི་སྐྱ་སེར་འཕྲད་མི་མང་བར་ཕེབ། འབུལ་དཔོན་པ་ཁག་སོགས་ལ་ལྷ་བརྒྱད་ཀྱི་རྗེས་གནང་བྱས། སང་ཞོགས་ལྕོག་ཏུ་སྒེར་ནས་སྤྱན་འདྲེན་ཞུས་པར་ཆོས་སྐྱོང་ཆེན་པོ་རྡོ་སྟེགས་མགོར་བསུ་བར་ཕེབ། གཙང་ཁང་དུ་ཁྲིའུ་ཤིང་གི་ཁར་སྟག་ལྤགས་བཏིང་ནས་འབོད་པ་གནང༌། ལྐོག་འགྱུར་གྱི་བསླབ་དོན་བག་ཕེབ་པར་གནང་ཞིང་ཕྱག་གི་ཞགས་པ་དང༌། ཁ་བཏགས་གནང༌། ལུས་དང་གྲིབ་མ་ལྟར་མི་འབྲལ་བར་ཞལ་གྱིས་བཞེས་ནས་སྐས་གཤམ་ཐུག་སྐྱེལ་བར་ཕེབ། སང་ཉིན་སྤྱི་བླ་བྲང་སྐུ་རྟེན་པ་ལགས་བཅས་གྲུ་ཁ་ཐུག་སྐྱེལ་བར་ཕེབ་ནས་རང་གནས་སུ་འབྱོར། དེ་ནས་ཧོར་ཟླ་བཅུ་གཉིས་པའི་ནང་དུ་སྡེ་པ་བཀའ་བློན་ཐུན་མོང་ནས་ཕྱག་བྲིས་ནན་ཆེན་ཕེབ་པའི་འཕྲལ་རང་དུ་འོང་དགོས་ཚུལ་གནང་བ་ལྟར་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་ཐོན་པར། དེ་ནུབ་སྙེ་ཕུ་ལྷོམ་པའི་མ་འདས་པའི་དབང་བསྐུར་སོགས་ལ་འོང་དགོས་ཚུལ་ནན་ཆེས་པའི་སྟབས་དེ་ནུབ་སྙེ་ཕུར་བསྡད། བྱང་ཆོག །དབང་བསྐུར། ལམ་སྟོན་སོགས་སྨིན་རྒྱས་བགྱིས། སང་ཉིན་ཐོན། ཡར་ལམ་སྣོན་དུ་ཞག་གཉིས་འགོར། དེ་ནས་ཤར་མར་ལྷ་ལྡན་བཀྲ་ཤིས་བདེ་ལེགས་སུ་ཕྱིན། ཐོག་མར་སྐུ་ཞབས་རིན་པོ་ཆེའི་ཞབས་བརྟན་ལ་དམིགས་ནས་རྒྱ་ཅན་གྱི་ཚེ་དཔག་མེད་འཆི་མེད་བདུད་འཇོམས་ཀྱི་སྒོ་ནས་བདུན་ཕྲག་གཅིག་གི་བར་སྐུ་ཚེ་ཚེ་སྒྲུབ་ཞུས། གྲོལ་སྐབས་སྡེ་པ་གུང་དང་ཡུམ་སྲས་ལྷན་རྒྱས་བཅས་ལ་ཚེ་དབང་རྣམས་བརྒྱ་ཚར་དང༌།