R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༡༤
[A:༦༡༤] འཆི་མེད་དཔལ་སྟེར་གྱི་སྒོ་ནས་ཀྱང་བརྒྱ་ཚར་ཕུལ། རྒྱ་ཅན་སྙིང་པོ་ལྷ་གསུམ་གྱི་དབང༌། དེ་དང་རྗེས་འབྲེལ་གྱི་བྱད་འགྲོལ་ཀྱང་ཕུལ། སྡེ་པ་མདའ་དཔོན་ཨོ་རང་པ་ལའང་གོང་གསལ་གྱི་ཚེ་དབང་རྣམས་བརྒྱ་ཚར་ཕུལ་ཞིང༌། རྣམ་གླིང་ཞབས་དྲུང་རྒྱལ་བུའི་དྲུང་ཀྱང་ཕེབ་ཡོད། ཁྱོན་ཞག་དགུ་འགོར། དེ་ནས་དཔལ་འབྱོར་རབ་བརྟན་དུ་སྡེ་པ་སོ་སོའི་སྐུ་ཞབས་སུའང་ཞག་བཅུ་ཙམ་འགོར། ཉིན་བསྟར་གྱི་ཚེ་དབང་རིགས་མི་གཅིག་པ་བརྒྱ་ཚར་རེ་ཞལ་ངོ་བགྲེས་གཞོན་དགུ་ཆར་ལ་ཕུལ། སྐུ་ཞབས་རིན་པོ་ཆེའི་ཞལ་མཇལ། ཕྱག་དབང་ལ་རྩེར་ཕྱིན། དེ་ཉིན་འབྲས་སྤུངས་ཀྱི་བླ་ཁག །སེ་ར། དགེ་ལྡན་བཅས་པའི་བླ་མ་དགེ་བསྐོས་དབུ་མཛད་སོགས་དང་མཇལ་ཁ་ལྷན་དུ་བྱུང༌། སུམ་ལྡན་སོགས་བདག་རྐྱེན་ཆེ་བར་གནང༌། བཀའ་འདྲི་ཡང་བཀའ་དྲིན་བསྐྱངས། ཚེས་བཅུ་བཞིར་སྡེ་པ་སོ་སོའི་ཞབས་བརྟན་ཆེན་མོའི་མགྲོན་དུའང་འབོད་པ་གནང༌། གྲལ་མགོ་ཞིག་ཏུ་གདན་བཟོས་དང༌། སྟོན་མོ་དཔངས་མཐོ་བར་འདུག་ཅིང༌། གོང་ཞབས་ནས་གསོལ་རས་ཀྱང་རྒྱས་པར་གནང་བྱུང༌། དེ་དུས་ཡབ་རྗེ་སྐུ་ཞབས་ནས་ཀྱང་དཔལ་འབྱོར་རབ་བརྟན་དུ་ཕེབ་པའི་ཚེ་དབང་གང་ཟབ་ཞིག་དགོས་ཕེབ་པར་རྒྱ་ཆེན་འཆི་བདག་འཇོམས་ཀྱི་བྱབས་ཁྲུས་རྒྱས་པ། ཕྱག་གཡོག་ལ་དྲུང་ཡིག་ཆོས་མཛད་ཡོད། དེའི་སང་ཉིན་འཆི་མེད་དགའ་ཚལ། རྒྱལ་ཡུམ་སྐུ་ཞབས་ལ་བྱབས་ཁྲུས་དང་སྐུ་ཚེ་ཚེ་དབང་དགོས་ཕེབ་ལྟར་རྣམ་འཇོམས་ཀྱི་བྱབས་ཁྲུས་རྒྱས་པ། འཆི་མེད་དཔལ་སྟེར་གྱི་ཚེ་དབང་བརྒྱ་ཚར་བཅས། སྐལ་བཟང་ལགས་ཡུམ་སྲས་ལྷན་རྒྱས་ལ་ཕུལ། སྐུ་ཅུང་ཟད་ལྟེམ་པར་ཞག་བདུན་གྱི་བར་དུ་ཆུ་བཟང་དུ་ཚེ་སྒྲུབ་ཅིག་ཀྱང་