R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༡༥
[A:༦༡༥]དགོས་ཚུལ་ཕེབ་པ་ལྟར་ཡོ་བྱད་རྣམས་ཆུ་བཟང་ཆོས་རྗེ་ཚངས་དབྱངས་རྟ་མགྲིན་ལགས་ལ་བསླབ་སྟོན་གནང་བ་ཚེས་བཅོ་བརྒྱད་ནས་ཆུ་བཟང་དུ་ཕྱིན་པའི་འཆི་མེད་དཔལ་སྟེར་དང་འཆི་བདག་འཇོམས་པ་གཉིས་སྔ་དྲོ་དང་ཕྱི་རེད་དུ་བགྱིས་པ་རིམ་འགྱངས་སུ་སོང་བའི་བདུན་གཉིས་ཙམ་དགོས་བྱུང་ཞིང༌། ཆོས་སྐྱོང་ཆེན་པོས་ཀྱང་ཁ་བཏགས་ལེགས་པ་དང༌། དབུ་བསྡོམས་ལེགས་པ་སོགས་གནང༌། མཆོད་གཏོར་མ་ཆག་པར་དགོས་ཚུལ་དང༌། བླང་དོར་གྱི་ལུང་བསྟན་གསལ་པོར་གནང༌། ཐུན་མཚམས་ཀྱི་སྲུབ་དབར་ལ་ཆོས་རྗེ་ལགས་སྐུ་འཁོར་བཅས་པར་རྒྱ་ཅན་གྲོ་ལོད་དང༌། འཇིག་རྟེན་དབང་ཕྱུག །བྱང་གཏེར་ཐང་ལྷའི་སྲོག་གཏད། འཆི་བདག་འཇོམས་ཀྱི་ཚེ་དབང་སོགས་ཕུལ། གྲོལ་གདོང་ཆུ་བཟང་གི་རབ་འབྱམས་པ་ངག་དབང་གྲགས་པར་རྟ་མགྲིན་ཡང་གསང་གི་ཆ་ལགས། རྫོང་ཆུང་ཚེའི་དབང་བསྐུར། དེ་དུས་སེ་རར་བཀའ་འགྱུར་གྱི་ལུང་ཚུགས་པར་འགའ་ཞིག་གི་དབང་མ་ཐོབ་པར་རྒྱུད་འབུམ་གྱི་ལུང་གསན་མ་ཐུབ་གཤིས། བདེ་མཆོག་གི་དབང་ཞིག་ཅིས་ཀྱང་དགོས་གནང་བའི་དགེ་སློང་སྒྲོས་པ་འབའ་ཞིག་འདུག་གཤིས་དཀའ་ཚེགས་ལ་མ་འཛེམས་པར་གྲྭ་པ་བཅོ་ལྔ་སྐོར་ལ་ནུབ་དང་པོ་སྟ་གོན་དང༌། གཉིས་ཐོ་རེངས་ནས་བདག་འཇུག་བླངས་པའི་བདེ་མཆོག་ལཱུ་ཧི་པའི་དབང་རས་བྲིས་ལ་བརྟེན་པ་སླ་ཆོས་སུ་མ་སོང་བར་རྒྱས་པར་ཕུལ། ཆུ་བཟང་དུ་སྡོད་ཁང་སྤྲོ་ཞིང་ཆོས་རྗེ་ལགས་ནས་ཞབས་ཏོག་སོགས་རྒྱས་པར་གནང་གཤིས་སོ་བསོད་པ་སྐྱིད་པར་བྱུང༌། སྤྲོ་བདེ་ཁང་གསར་པའི་ཨ་ཅེ་སྐྱིད་འཛོམ་གདོན་ཞུད་ཀྱིས་ལྟེམ་པར་བྱུང་བའི་