[A:༦༡༧]ཟླ་བ་གཉིས་པའི་ཚེས་ཉེར་གཅིག་གི་ནུབ་སྐུ་ཚེས་མ་ཟིན་པར་སྐུ་ལ་བསྙུན་ཟུག་སོགས་གང་ཡང་མེད་པར་གཤེགས། ཉིན་སྔ་མ་རྣམས་སུ་ཆོས་བཀའ་ཕུལ་བ་རྣམས་ཀྱང་ཐུགས་ལ་འཇགས་པར་བྱུང་སོང་གཤིས་ཐུགས་དམ་གསལ་འདེབས། གནས་སྤར་སོགས་ཞུས་པ་དང་གཞན་དང་མ་འདྲ་བའི་མནལ་དུ་བྱུང་སོང༌། དེ་ནས་ཡབ་རྗེ་སྐུ་ཞབས་དང༌། སྐལ་བཟང་ལགས་ལྷན་རྒྱས་ཐོག་ནས་སྐུ་ཚིགས་བདུན་མ་ཚར་བར་དུ་སྡོད་དགོས་ནན་ཆེར་ཕེབ་གཤིས་རེ་ཞིག་ཞུ་ལེན་འབུལ་མ་བདེ་བས་ཉིན་བསྟར་ཀུན་རིག་གི་ཆོ་ག་ལྷོ་སྒོ་དང་འབྲེལ་བ་སྐུ་གདུང་མ་ཕེབ་བར་ཉིན་བསྟར་དབང་བསྐུར་གསལ་འདེབས་ཞུས། དེ་ནས་བསམ་ཡས་སུ་རྡོར་ཕྲེང་གསན་མི་རྣམས་འཛོམ་ཆེས་པས་དགོངས་ཁྲོལ་ཞུས་པས་འདི་གར་ཡང་རྡོར་ཕྲེང་ཚར་གཅིག་དགོས་ཕེབ་པར་བཅོ་བརྒྱད་ནས་དཀྱིལ་ཐང་དང་ཕྱག་དཔེ་གཡར་ཞུས་ཀྱིས་ཉིན་བསྟར་རྡོར་ཕྲེང་གི་དཀྱིལ་འཁོར་གསུམ་བཞི་རེ་ཞལ་ཕྱེ་བའི་སྐུ་ཞང་ལགས། སྲོ་མེ་ལགས་གཉིས། གཙོ་བོར་སྐལ་བཟང་ལགས། ཆུ་བཟང་ཆོས་རྗེ་ལགས་བཅས་དང༌། བདེ་མཆོག་གི་སྐབས་སུ་སྡེ་པ་གུང་གི་སྲས་མོ་ཆོས་ལགས་ཀྱང་ཡོད། མཇུག་ཏུ་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་ལ་ཡབ་རྗེའང་ཕེབ། ཁྱོན་སྟ་གོན་ཐེ་བའི་ཉིན་བཅུ་གཅིག་ལ་ཕྲེང་བའི་དཀྱིལ་འཁོར་ཞེ་གཉིས་ཀྱི་སྟེང་དུ་ཀྲྀ་ཡའི་བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བཅས་ཁྱོན་དཀྱིལ་འཁོར་ཞེ་ལྔའི་དབང་བསྐུར་བ་གེགས་མེད་དུ་ཕུལ་ཞིང་ཆོ་ག་ཚར་རེ་ལའང་སྐུ་རུས་ལ་ཁྲུས་ཆོག་སོགས་རྒྱས་པར་ཞུས། དེ་ནས་ཞག་བདུན་དྲུག་གི་ཐོག་ཏུ་གྲོལ་བ་གནང་རྒྱུ་ཉེར་དགུའི་ཉིན་ཡིན་ཀྱང༌། ཉིན་དྲུག་ལ་དགོངས་པ་