[A:༦༢༠]པ་ལགས་སོགས་རབ་བྱུང་ཡོངས་རྫོགས་ཀྱི་སྟེང༌། བྱེ་རྫིང་ཚོགས་མཁན་པོས་ཐོག་དྲངས་པ་བཅུ་གསུམ། དོལ་ཆོས་འཁོར་ནས་རབ་འབྱམས་པ་ཀུན་དགའ་བསམ་གཏན་སོགས་བཅོ་ལྔ། གསང་ཕུ་གཞི་པ་ནས་དབུ་མཛད་སོགས་དྲུག །མྱོང་བྲན་ཆུ་བཟང་ནས་རབ་འབྱམས་པ་ངག་དབང་གྲགས་པ་སོགས་དྲུག །ཁྱུང་ཚང་བླ་མ་ཟུར་པ། ཀོང་པོ་སྐུ་སྐྱེ་སོགས་བཅུ་གཅིག །སེ་ར་ནས་དཔོན་སློབ་ཆོས་མཛད་སོགས་བཞི། རྨེ་རུ་ནས་བླ་མ་ཟུར་པ་སོགས་བཞི། གཞི་སྡེ་པ་གཉིས། ཟུར་མཁར་མདོ་གླིང་པ་བཅུ། རྩེས་དོང་ལྔ་མཆོད་པའི་ལས་ཆེན་གཞོན་པ། གངས་ཅན་མཁན་པོ་ཟུར་པ། རབ་འབྱམས་པ་རྒྱལ་པོ་སོགས་རི་བོ་བདེ་ཆེན་པ་བཅོ་ལྔ། སྡེ་པ་ཁྲུས་བུ་ནས་ཀུན་དགའ་རྒྱ་མཚོ་ཡབ་སྲས་གཉིས། ཤེལ་གྲོང་གསང་སྔགས་གླིང་པ་ཨེམ་ཕྱི་ཀུན་དགའ་བསྟན་འཕེལ་ཅན་སོགས་གསུམ། ཀུན་དགའ་དབང་ཕྱུག །ཆོས་གྲགས་སོགས་རྨོར་པ་དྲུག །བསམ་ཡས་རྫོང་དཔོན་སྡེ་པ། དགེ་སློང་ཡེ་ཤེས་རྒྱ་མཚོ་དང༌། ཨེམ་ཕྱི་ལགས། གུང་ཐང་ནས་ཤིང་མང་སློབ་དཔོན་ཟུར་པ་དམ་ཆོས་ཀུན་བཟང་གཉིས། ལྕགས་ཟམ་ནས་པདྨ་ཀུན་གསལ་སྤུན་གཉིས་དང༌། བློ་གསལ་ཕྲིན་ལས། ཤིང་མང་ནས་རབ་འབྱམས་པ་བསྟན་པ་བཀྲ་ཤིས་སོགས་སྐྱ་སེར་ཁྱོན་བསྡོམས་སྟོང་དང་ཉིས་བརྒྱ་སྐོར་ལ་གྲུབ་པའི་སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་རའི་བཞེད་སྲོལ་ཐུན་མོང་མ་ཡིན་པ་རྡོ་རྗེ་ཕྲེང་བ་ནས་བཤད་པའི་དཀྱིལ་འཁོར་ཞེ་གཉིས་ཀྱི་སྟེང་དུ། པཎྜི་ཏ་ཆེན་པོ་དརྤན་ཨ་ཙཱརྻའི་བཞེད་པ་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བཅས་ཁྱོན་ཞེ་ལྔའི་སྟ་གོན་དམ་པའི་ཕྱག་བཞེས་ལྟར་སླ་ཆོས་སུ་མ་སོང་བར་བགྱིས།