R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༨༠
[A:༤༨༠]པ་ཆེན་པོ་དང་མཇལ། འབུལ་ནོད་བསམ་གྱིས་མི་ཁྱབ་པ་དང་ཆོས་དུང་དཀར་པོ་རྒྱང་གྲགས་འབུད་པ་གནང༌། ཟླ་བ་དྲུག་གི་བར་གཞི་ཐོག་ཏུ་སྟན་ཆགས་པའི་སྔགས་འཆང་བླ་མ་མཆོག་གིས་དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་རྡོ་རྗེ་ཕུར་པའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང༌། སྨད་ལས་གདུག་པ་སྒྲོལ་བའི་རྗེས་གནང༌། དཔལ་ཀྱེ་རྡོ་རྗེའི་གཙོ་ཆེའི་ཆོས་སྣ་སུམ་ཅུ་རྩ་དགུའི་རྒྱ་གཞུང་གི་ལྗགས་ལུང༌། དམར་པོ་སྐོར་གསུམ་གྱི་བེའུ་བུམ་ཡོངས་རྫོགས། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་གྱི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང༌། དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་རྗེས་གནང་ལུང་བཅས། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། དཀར་བདུད་ཀྱི་རྗེས་གནང༌། གུར་མགོན་ཁྲོ་བཅུའི་རྗེས་གནང༌། འཆི་མེད་དཔལ་སྟེར་གྱི་ཚེ་དབང༌། རྗེ་བླ་མས་ཕར་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བཀྲ་ཤིས། ཐུབ་བསྟན་མཁན་ཆེན་བཟང་པོ་རྒྱལ་མཚན། མཁན་ཆེན་ངག་དབང་བློ་གསལ་བསྟན་པ་རབ་རྒྱས། རྗེ་དབོན་ངག་དབང་མཁྱེན་བརྩེ་རབ་བརྟན་པ་སོགས་ལ་དཔལ་དུས་ཀྱི་འཁོར་ལོ། བདེ་མཆོག་མཁའ་འགྲོ་རྒྱ་མཚོ། བདེ་མཆོག་བོང་ཞལ་ཅན་རྣམས་ཀྱི་དབང་རྡུལ་ཚོན་ལ་བརྟེན་པ། བཀའ་གདམས་ཐིག་ལེ་བཅུ་དྲུག །ཕྱག་རྡོར་འགྲོ་བཟང་ལྷ་ཉེར་གཅིག །རྣམ་འཇོམས་དཀར་པོ། སྒྲོལ་མ་ལྷ་བཅུ་བདུན་མ། གུར་རིགས་བསྡུས། སམྦུ་ཊ། རྡོར་དབྱིངས་རྣམས་ཀྱི་དབང་རས་བྲིས་ལ་བརྟེན་པ། རྗེས་གནང་ཟུར་བཀའ་ཤིན་ཏུ་མང་བ། ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་བཀའ་འབུམ་པོད་བཞི་མ། མུས་ཆེན་སངས་རྒྱས་རིན་ཆེན་གྱི་བཀའ་འབུམ། རྣམ་སྲས་ཀྱི་བེའུ་བུམ་པུསྟི་གཉིས། བསམ་གཏན་